“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས25ཉིན་སྤུས་ཚད་མཐོ་བའི་ངང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ལེགས་འགྲུབ་ཀྱི་བརྗོད་དོན་སྐོར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་སྒོ་ཁྲལ་གྱིས་རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མཚམས་སྦྱོར་བྱས།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། སྒོ་ཁྲལ་ལས་ཁུངས་ཀྱིས་ལོ་རེར་ཆ་སྙོམས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཏུན་ཐེར་འབུམ་ལྔ་དུང་ཕྱུར་གཉིས་ལ་ལྟ་སྐུལ་དོ་དམ་བྱས་པ་དང་།  དངོས་ཟོག་གི་རིན་ཐང་སྒོར་རབ་བཀྲམ་བཞི་ཁྲག་ཆེན་གཅིག་ཁྲག་ཁྲིག་ལྔ་ལ་སླེབས་པས། འཛམ་གླིང་གི་ཆེས་ཆེ་ཤོས་ཡིན་ཞིང་། བདེ་འཇགས་གཏན་འཇགས་ལ་ཚོད་འཛིན་བྱེད་ཐུབ་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རྒྱལ་ཡོངས་ཀྱི་འགག་སྒྲོལ་གཞི་གཅིག་ཅན་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་། “དྲ་ཚིགས་གཅིག་ནས་བྱ་བ་ཚང་མ་སྒྲུབ”པའི་དོན་ཚན་རིགས་ཆེ་གྲས25ཡི་རྣམ་གྲངས964རུ་སླེབས་པ་དང་། སྤྱིའི་ཆ་ནས་རྒྱལ་མཚམས་བརྒལ་བའི་ཉོ་ཚོང་གི་ཕྲེང་སྦྲེལ་ཧྲིལ་པོ་དང་གོ་རིམ་ཧྲིལ་པོར་ཁེབས་ཡོད། གཞུང་ལམ་དང་ལྕགས་ལམ། མཚོ་ལམ། མཁའ་ལམ་བཅས“རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན”གྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ལ་བརྟེན་ནས། བརྒྱུད་རིམ་ཧྲིལ་པོའི་དངོས་རྒྱུག“རེ་ཞུ་གཅིག”དང“མངག་ཐོ་གཅིག་གིས་འགྲུབ་པར་བྱས།  “རིག་ནུས་ཡུལ་སྐོར་ཞིབ་བཤེར”གྱིས་མཁའ་འགྲུལ་གྲུ་ཁའི་བརྒྱ་ཆའི་བརྒྱད་ཅུར་ཁེབས་ཤིང་། ཡུལ་སྐོར་པ་རྣམས་མགྱོགས་མྱུར་སྒོས་འགག་སྒོ་ལས་བགྲོད་ཐུབ།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་འགོ་གཙོ་སུན་མའེ་ཅུན་གྱིས་བཤད་རྒྱུར།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རང་རྒྱལ་དུ་སྒོ་འབྱེད་གྲུ་ཁ40གསར་དུ་འཕར།  ད་ལྟ་སྤྱི་འབོར311ཟིན་ནས་ཆུ་སྐམ་ལངས་གཟུགས་ཅན་དང་ཤར་དབུས་ནུབ་ཕྱོགས་ཡོངས་ཀྱི་གྲུ་ཁའི་སྒོ་འབྱེད་ཀྱི་བཀོད་པ་སྤྱིའི་ཆ་ནས་གྲུབ།  ང་ཚོས་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དང་ཕྱི་རྒྱལ་གྱི་མཛོད་ཁང་། ཁྲལ་སྲུང་སོགས་ལས་རྣམ་གསར་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་ཇེ་མཐོར་བཏང་ཡོད།

 ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡིས་ཕྱི་ཕྱོགས་ལ་མཉམ་ལས་ཡིག་ཆ519བཀོདཔ་དང་།   རང་རྒྱལ་འདི་ཉིད་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ157གྱི་ཉོ་འཚོང་གྲོགས་པོ་ཆེ་གྲས་སྔོན་མ་གསུམ་དུ་གྱུར་ཡོད།  2024ལོར། རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོགས་པོའི་བར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་རབ་བཀྲམ་གཉིས་ཁྲག་ཆེན་གཉིས་སུ་བསླེབས་ནས་བསྡུར་ཚད་ཕྱེད་ཀ་ལས་བརྒལ།  ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལ་ཏིང་མེ་གླིང་། ཧྥེ་གླིང་། ཨེ་ཤ་ཡ་དབུས་མ་སོགས་གསར་དར་ཁྲོམ་རའི་ཕྱིར་གཏོང་ནང་འདྲེན་གྱི་ཚད་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི10ཡན་འཕར། རྒྱལ་སྤྱིའི་མཉམ་ལས་མཉམ་རྒྱལ་གྱི་དགེ་མཚན་གསར་པ་སྔར་ལས་འབུར་དུ་ཐོན་པ་དང་། རང་རྒྱལ་གྱི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་སྔར་ལས་མངོན་གསལ་དུ་གྱུར་ཡོད།