བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་དང་གོ་སྐབས་གསར་པ་མཉམ་སྤྱོད་བྱེད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒོ་འབྱེད་ཀྱི་ཀྲུང་གོ་ད་གཟོད་གཞི་ནས་དེང་རབས་ཅན་གྱི་ཀྲུང་གོར་འགྱུར་ཐུབ”ཅེས་གསུངས། 

 ད་ལོའི་ཚུན་ལ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག  རང་རྒྱལ་གྱིས་སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ་བ་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོ་ཡོང་བར་ཀྲུང་གོའི་ཇུས་གཞི་བཏོན།

སྒོར་རབ་བཀྲམ་གཉིས་ཁྲག་ཆེན་ལྔ་ཁྲག་ཁྲིག་བདུན་ལ་སླེབས་ཤིང་།  ད་ལོའི་སྔོན་གྱི་ཟླ་བདུན་རིང་། རང་རྒྱལ་གྱི་དངོས་ཟོག་ཉོ་འཚོང་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་གྲངས་ཚད་བསྟུད་མར་དུས་ཚིགས་དགུ་ལ་མ་དངུལ་སྒོར་རབ་བཀྲམ་གཅིག་གི་ཡན་དུ་འཁོར་སྐྱོད་བྱས།

ལོ་སྟོད་དུ། རང་རྒྱལ་གྱིས་ཟླ་རེར་ཆ་སྙོམས་ཀྱིས་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས5500གསར་དུ་བཙུགས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲག་ཁྲིག་བདུན་ལས་བརྒལ་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མ་དངུལ་ནང་འདྲེན་གྱི་དམིགས་འབེན་ལོ་ཕྱེད་ཀྱི་སྔོན་ལ་ལེགས་འགྲུབ་བྱུང་།

ཧྲང་ཧའེ་རུ། ཉེ་དུས་ཕྱི་རྒྱལ་གྱི་དངུལ་གཏོང་ལས་གཞི་སོ་གསུམ་ལ་མཉམ་དུ་གན་རྒྱ་བཞག་པ་དང་། རྒྱལ་ཁོངས་བརྒལ་བའི་ཀུང་སིའི་ས་ཁུལ་གྱི་སྤྱི་ཁྱབ་པུའུ30དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཞིབ་འཇུག་གསར་སྤེལ་ལྟེ་གནས15དངོས་སུ་བཙུགས།

ཨུ་ལའོ་ཨའེ་ཝུན་སིའི་རྒྱུ་ཆའི་ཚན་རྩལ་ཧྲང་ཧའེ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཁུའུ་མཱ་ཡིས་བཤད་རྒྱུར། འཇར་མན་ཁེ་ལས་ཀྱིས་འདི་ནས་ཟླ་རེར་གསར་གཏོད་གསར་པ་ཡོད་པ་དང་། ང་ཚོས་སྔོན་ཏག་ཏག་ལ་མ་དངུལ་བཏང་སྟེ་ཀྲུང་གོའི་བཟོ་གྲྭ་ཨང7པ་འཛུགས་སྐྲུན་བྱས།

ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ནི་རིམ་པ་ཟབ་པའི་བཅོས་བསྒྱུར་ལ་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཡིན་ལ།  ལོ་བརྒྱའི་འགྱུར་ལྡོག་ཆེན་མོ་དང་ཟིང་ཆ་མཉམ་དུ་འདྲེས་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་ཆེན་པོར་གསལ་རྟོགས་གནང་ཞིང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཚན་རིག་དང་མཐུན་པའི་ཇུས་འགོད་གནང་སྟེ། ཁོང་གིས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་བསྐྱེད་དགོས་པ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་རང་འགུལ་ངང་སྦྲེལ་མཐུད་བྱེད་ཅིང་། ཕྱི་ཕྱོགས་ཉོ་འཚོང་དང་ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་། ཕྱི་ཕྱོགས་དངུལ་གཏོང་བཅས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ།  ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས་པ་བསྟན།  རྒྱལ་སྤྱིའི་གནས་ཡུལ་གལ་ཆེན་མང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་། སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་དགོས་པ་ནན་གྱིས་བསྟན། 

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་སློབ་གཙོ་ཀྲའོ་ཀྲུང་ཞུའུ་ཡིས་བཤད་རྒྱུར།  འཛམ་གླིང་དཔལ་འབྱོར་གྱི་ཛ་དྲག་གནས་བབ་ཀྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གནང་ནས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་ཐེངས་མང་གནང་། ད་ལོའི་ཚུན་ལ་རང་རྒྱལ་གྱིས་སྒོ་འབྱེད་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་ལག་ལེན་དུ་བསྟར་བ་དང་།  ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཕྱི་ཕྱོགས་མ་དངུལ་གྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་། དུས་མཚུངས་སུ་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་ཡོང་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་འདོན་སྤྲོད་བྱས།

ད་ལོར། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་ཇེ་མགྱོགས་སུ་སོང་བ་དང་བསྟུན།  ཕྱིར་གཏོང་གི་སྒུལ་ནུས་ལེགས་ཕྱོགས་དང་གསར་ཕྱོགས་སུ་འཕེལ་བ་དང་། ཟླ་དང་པོ་ནས་ཟླ་བདུན་པའི་བར།  རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་གི་བསྡུར་ཚད60%བར་ཇེ་མཐོ་རུ་ཕྱིན་ཏེ། ལྗང་མདོག་ཐཱན་ཉུང་མཚོན་པའི་ཐོན་རྫས་གསར་བ་གསུམ་གྱི་ཕྱིར་གཏོང་གི་ཚད14.9%འཕར།

ལམ་ལུགས་རྣམ་པའི་སྒོ་འབྱེད་ཟབ་སྤེལ་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་ཁྱོན་ཡོངས་ནས་སྦྲེལ་མཐུད་དང་། ཧྲང་ཧའེ་རང་མོས་ཉོ་འཚོང་ཚོད་ལྟའི་ས་ཁུལ་གྱི་ཚོད་ལྟ་བྱེད་གནས་ཀྱི་བྱེད་ཐབས80གཞི་རྩའི་ཆ་ནས་དོན་འཁྱོལ་བྱས་ཤིང་། དོན་ཚན43འདྲ་བཟོ་དང་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་། ཧྥུའུ་ཅན་རང་མོས་ཉོ་འཚོང་ཚོད་ལྟའི་ས་ཁུལ་གྱི་ཞ་མོན་འབྲེལ་ཁུལ་གྱི་ས་ཚིགས་གཅིག་གི་རྣམ་པའི་མཁའ་འགྲུལ་ཞིག་གསོའི་རྟེན་གཞི་རུ། བཟོ་བཀོད་པ་རྣམས་ཀྱིས་འཇར་པན་དང་ཨ་རི་སོགས་རྒྱལ་ཁབ་ནས་ཐོན་པའི་གནམ་གྲུ་ལ་སྙོམས་སྒྲིག་ཚོད་ལྟ་དང་ཞིབ་བཤེར་ཞིག་གསོ་བྱེད་བཞིན་ཡོད། ལོ་སྟོད་དུ། ཞ་མོན་མཁའ་འགྲུལ་གྱི་ཁྲལ་སྲུང་ཞིག་བཟོ་དང་གཏོང་འདྲེན་གྱི་དངོས་ཟོག་རིན་ཐང་ན་ནིང་གི་དུས་མཉམ་ལས་ཧ་ལམ་བརྒྱ་ཆའི་གསུམ་འཕར།

ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྒོ་རྒྱག་མཉེན་ཆས་དང་སྲ་ཆས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། གནོན་ཤུགས་ཚད་ལེན་གྱི་འཁྲབ་སྦྱོང་སྤེལ་བཞིན་པའི་སྒང་ཡིན་ལ།  ཟླ12པའི་ཚེས18ཉིན་རང་མོས་ཉོ་ཚོང་གྲུ་ཁས་ལས་གཉེར་བྱེད་འགོ་བརྩམས་རྗེས། “སྒོ་ཁྲལ་མི་དགོས་པའི”ཚོང་ཟོག་གི་དཔྱ་ཁྲལ་རྣམ་གྲངས་ཀྱི་བསྡུར་ཚད21%ནས74%བར་མཐོ་རུ་གཏོང་རྒྱུ་རེད།

ད་ལོར། སྒོ་འབྱེད་ཀྱི་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ཤིང་།  བྱེད་ཐབས་ཁག20ཡོངས་བསྒྲགས་བྱས་ནས་ཕྱི་དངུལ་བརྟན་པོ་ཡོང་བར་བྱས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཕྱི་དངུལ་གྱི་ཆོག་འཐུས་ཚོད་འཛིན་གྱི“གཙང་སེལ”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་།  ཏཱ་ལེན་དང་ཉིན་པའོ་སོགས་ཞབས་ཞུའི་ལས་རིགས་སྒོ་འབྱེད་ཚོད་ལྟའི་ཁུལ་དགུ་གསར་དུ་བསྣན་ནས། སྒོ་འབྱེད་ལས་འགན་རིགས155གློག་འཕྲིན་དང་སྨན་བཅོས། དངུལ་རྩ་བཅས་ཀྱི་ཁྱབ་ཁོངས་ཡོངས་སུ་ཁེབས།  《ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་སྐུལ་མ་བྱེད་པའི་ཐོན་ལས་དཀར་ཆག》བཟོ་བཅོས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ལས་རིགས་གསར་སྣོན་བྱ་རྒྱུ་རེད།

སྒོ་འབྱེད་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་གསར་པ་དེ་བས་མང་པོ་བསྐྲུན་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་གཏོང་ཚད་འབུམ་གཅིག་དང་ཁྲི་གཅིག་ལས་བརྒལ་ཞིང་། ཡོ་རོབ་གླིང་གི་གྲོང་ཁྱེར229ལ་སླེབས། བར་སྣང་གི་དར་གོས་ཚོང་ལམ་དར་རྒྱས་སུ་སོང་བ་དང་། ཀྲིན་ཀྲོའུ་ནས་ལུའུ་ཙེམ་པོག་བར་གྱི“བར་སྣང་གི་དར་གོས་ཚོང་ལམ་གྱི”ཟོང་འདྲེན་མཁའ་ལམ་དེ་གོ་ལ་ཧྲིལ་བོའི་གྲོང་ཁྱེར100ལྷག་ལ་ཁེབས་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། ཆན་ཁའེ་གྲུ་ཁར་མ་ལམ་གསུམ་གྱི་མཁའ་ལམ་དང་ཡན་ལག་གསུམ་གྱི་མཁའ་ལམ་བརྟན་བརླིང་ངང་ལས་གཉེར་བྱེད་པ་མངོན་འགྱུར་བྱུང་ཞིང་།   ལོ་སྟོད་དུ།  རིམ་རྩིས་བྱས་ན་དོས་སྒམ་འདོན་འཇུག་ཚད་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་ལེགས་འགྲུབ་བྱུང་།

འཐབ་ལམ་གསར་བར། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དུ་གཏོང་རྒྱུ་དང་།  གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཁེ་སྤོགས་གློད་དེ། ཀྲུང་གོའི་འཕེལ་རྒྱས་གསར་པ་དེ་རྒྱལ་ཁབ་སོ་སོའི་གོ་སྐབས་གསར་པར་འགྱུར་བར་བྱས་ནས།  འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་ངེས་གཏན་རང་བཞིན་སྔར་ལས་མང་པོ་སྣོན་རྒྱུ་ཡིན།