
ཉེ་ལམ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱིའི་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཟླ་དང་པོ་ནས་བདུན་པའི་བར་མཚོ་སྔོན་ཞིང་ཆེན་གྱི་དམངས་ཚིས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱིའི་ཆ་ནས་བརྟན་འཇགས་རེད།
ཟླ་དང་པོ་ནས་བདུན་པའི་བར། མཚོ་སྔོན་གྱི་སྡོད་དམངས་འཛད་སྤྱོད་རིན་གོང་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཐིག་གྲངས་ཆུང་གཅིག་མར་ཆག་ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་གཅིག་མཚུངས་རེད། ཟླ་བདུན་པར། མཚོ་སྔོན་གྱི་འཛད་སྤྱོད་རིན་གོང་དུས་མཉམ་ལས་བརྒྱ་ཆའི་ཐིག་གྲངས་ཆུང་གཉིས་མར་ཆག་ཡོད་པ་དང་། ཟླ་བ་སྔོན་མ་ལས་བརྒྱ་ཆའི་ཐིག་གྲངས་ཆུང་གསུམ་འཕར་ཡོད། རིགས་བགར་ནས་བལྟས་ན། ཟླ་བདུན་པར་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས་ལྟར་བརྟག་དཔྱད་བྱས་པའི་ཚོང་རྫས་ཀྱི་རིགས་ཆེན་པོ་བརྒྱད་དང་ཞབས་ཞུའི་རིན་གོང་དུས་མཉམ་དང་བསྡུར་ན་སྣ་དྲུག་འཕར་ཡོད་པ་དང་སྣ་གཉིས་མར་ཆག་ཡོད། དེའི་ནང་། སློབ་གསོ་དང་རིག་གནས། རོལ་རྩེད་རིགས་ཀྱི་རིན་གོང་བརྒྱ་ཆའི་གསུམ་དང་། འཚོ་བའི་མཁོ་དངོས་དང་ཞབས་ཞུའི་རིགས་ཀྱི་རིན་གོང་བརྒྱ་ཆའི་ཐིག་གྲངས་ཆུང་དགུ། གྱོན་ཆས་རིགས་ཀྱི་རིན་གོང་བརྒྱ་ཆའི་ཐིག་གྲངས་ཆུང་བདུན། སྨན་བཅོས་བདེ་སྲུང་རིགས་ཀྱི་རིན་གོང་བརྒྱ་ཆའི་ཐིག་གྲངས་ཆུང་གསུམ་འཕར་ཡོད། དེ་མིན། འགྲིམ་འགྲུལ་ཆ་འཕྲིན་རིགས་ཀྱི་རིན་གོང་བརྒྱ་ཆའི་གཉིས་དང་གྲངས་དགུ་དང་། ཟས་རིགས་དང་དུ་ཆང་རིགས་ཀྱི་རིན་གོང་བརྒྱ་ཆའི་གཅིག་གྲངས་ཆུང་བརྒྱད་མར་ཆག་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།