མཚོ་སྔོན་གྱིས་རྐང་བགྲོད་སྲང་ལམ་གྱི་ཚོང་ལས་ཁྱབ་ཁོངས་དང“བརྒྱ་གཉིས་ཀྱིས་ཁེ་ལས་ལ་རོགས་སྐྱོར་དང་དམངས་ལ་སྟབས་བདེ་བཟོ་བའི”བྱ་སྤྱོད་ལ་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ8པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཚོང་དོན་ཐིན་གྱིས་ཁྱོན་བསྡོམས་ཞིང་ཆེན་རིམ་པའི་ཚོང་དོན་འཁོར་རྒྱུག་ཞབས་ཞུའི་ལས་རིགས་ཀྱི་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་བཏང་ནས། ཁག་བགོས་ལྟར་ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་དཔེ་སྟོན་རྐང་བགྲོད་སྲང་ལམ3དང་ཞིང་ཆེན་རིམ་པའི་ཁྱད་ཆོས་ཅན་གྱི་རྐང་བགྲོད་སྲང་ལམ14དཔྱད་བསྡུར་གཏན་འབེབས་བྱས་ཏེ། ཀྲུང་དབྱང་གིས་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་བཏང་ནས། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་སྤུས་ལེགས་ལས་གཞི165ལག་བསྟར་དངོས་འབེབས་ཡོང་བར་རྒྱབ་སྐྱོར་བྱས། རྒྱབ་སྐྱོར་དངོས་ལ་བརྟེན་ནས་སིལ་ཚོང་ལས་རིགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུར་རོགས་འདེགས་བྱེད་ཀྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།