མཚོ་སྔོན་ཞིང་ཆེན་གྱི“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་སློབ་ཞིབ་ཤེས་ལྡན27ཞིང་ཆེན་གཞན་དུ་སློབ་སྦྱོང་དང་དཔྱད་སྦྱོང་བྱེད་དུ་འགྲོ་རྒྱུ་རེད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི2024ལོའི“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་སློབ་ཞིབ་ཤེས་ལྡན་བྱ་བའི་སྤྱི་སྡོམ་དང་། 2025ལོའི“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་སློབ་ཞིབ་ཤེས་ལྡནཕྱིར་མ་སོང་བའི་སྔོན་གྱི་སློབ་གསོ་གསོ་སྦྱོང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་དང་། ཚོགས་ཐོག་ནས2024ལོར་སློབ་ཞིབ་དཔྱད་སྦྱོང་བྱས་པའི་ལས་དོན་གྱི་ཕན་འབྲས་ལ་སྤྱི་སྡོམ་བྱས་པར་མ་ཟད། 2025ལོའི་སློབ་ཞིབ་ཤེས་ལྡནཕྱི་རུ་མ་སོང་བའི་སྔོན་གྱི་གསོ་སྦྱོང་ལས་སྒོ་སྤེལ།

“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་སློབ་ཞིབ་ཤེས་ལྡནགྱི་གསོ་སྐྱོང་ལས་དོན་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ། ཚན་རྩལ་པུའུ། ཀྲུང་གོ་ཚན་རིག་གླིང་བཅས་ཀྱིས་རྩ་འཛུགས་ལག་བསྟར་བྱེད་ཀྱིན་པའི་འཇོན་མི་གལ་ཆེན་གསོ་སྐྱོང་གི་ལས་གཞི་ཞིག་ཡིན།  ལོ་རེར་ནུབ་རྒྱུད་ས་ཁུལ་ནས་ཚན་རིག་ཞིབ་འཇུག་གི་རྐང་འཛིན་ན་གཞོན་ཁག་གཅིག་བདམས་ཏེ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ཁང་དུ་མངགས་ནས། དུས་ཡུན་ལོ་གཅིག་རིང་ལ་སློབ་ཞིབ་དང་དཔྱད་སྦྱོང་བྱེད་ཀྱིན་ཡོད། 2003ལོར་ལས་གཞི་འདི་དངོས་སུ་མགོ་བརྩམས་པ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཁྱོན་བསྡོམས་སྐོར་ཁག21གི་སློབ་ཞིབ་ཤེས་ལྡན500ཕྱི་ཕྱོགས་སུ་ཟབ་སྦྱོང་བྱེད་པར་བཏང་ནས། དམིགས་འབེན་ཡོད་པའི་གསོ་སྐྱོང་དང་ལག་ལེན་དངོས་ཀྱི་ཁྲོད་འཇུག་པ་གཉིས་ཀྱི་ཟུང་འབྲེལ་བྱེད་ཐབས་བརྒྱུད་དེ། འཇོན་མིའི་འཚར་ལོངས་དང་ས་གནས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། འཇོན་མིའི་ནུས་པར་བརྟེན་ནས་མཐོ་སྒང་གི་གསར་གཏོད་ལམ་བུ་གསལ་བར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།