མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ལས་ཞུགས་ཀྱི་བགྲོད་ལམ་སྟབས་བདེ་བསྐྲུན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ9པའི་ཚེས4ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རྩ་འཛུགས་སྒོས་ཤར་ནུབ་རྒྱུད་མཉམ་ལས་དང་མཐོ་རིམ་མཐར་ཕྱིན་སློབ་མ་ཕྱིར་སྐྱོད་ལས་གཉེར་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་བརྒྱ་དང་བརྒྱད་ཀྱིས་ལས་ཞུགས་ལས་གནས་ལྔ་བརྒྱ་ལྷག་འདོན་སྤྲོད་བྱས་ཡོད་ལ། ལས་གནས་འཚོལ་མཁན་མང་པོ་ཞིག་གནས་དེར་འདུས་ནས་ལས་སྒོ་འདྲི་རྟོགས་བྱས་པར་མ་ཟད། མི་བརྒྱ་དང་ཉེར་ལྔས་ཡུལ་དངོས་སུ་ལས་ཞུགས་རེ་འདུན་བཀོད།

འཚོལ་ཞིབ་རྟིང་ཆོད་དང་དྲ་ལམ་མཚམས་སྦྱོར། སྲིད་ཇུས་སྒྲོག་འགྲེལ། ཐོན་རྫས་འོས་སྦྱོར། རྗེས་འདེད་ཞབས་ཞུ་སོགས་བྱེད་ཐབས་སྣ་ལྔ་སྤྱད་པ་བརྒྱུད། དྲ་ལམ་ནས་ལས་གནས་འདེམ་པ་དང་ཡུལ་དངོས་སུ་ཞབས་ཞུ་སྒྲུབ་པའི་ཕན་ནུས་མཐོ་བའི་ལས་ཞུགས་སྟེགས་བུ་བཙུགས། རྨ་ཆེན་རྫོང་གིས་ངལ་རྩོལ་པའི་ཐོན་ཁུངས་ཀྱི་ཆ་འཕྲིན་མཛོད་བཙུགས་པའི་རྨང་གཞིའི་སྟེང་། ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་དང་ཞིང་ཆེན་ཕྱི་ནང་གི་སྤུས་ལེགས་ཁེ་ལས་ཀྱི་ཐོན་ཁུངས་ལ་གཞི་བཅོལ་ནས། ལས་གནས་མཁོ་འདོན་གྱི་གསལ་ཐོ་ཞིབ་ཚགས་ཤིག་གྲུབ་པར་བྱས་ལ། དེའི་ཁྲོད་ཕྱིར་འཚོང་དང་སྤུས་བཤེར། མྱུར་སྐྱེལ། བཟའ་བཏུང་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད། ཡུལ་དངོས་སུ་ཁེ་ལས་ཀྱི་གདན་ཞུའི་ཁུལ་དང་། སྲིད་ཇུས་འདྲི་རྟོགས་དང་ལག་དེབ་འགྲེམ་ཁུལ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་འོས་སྦྱོར་ཁུལ། ཐད་གཏོང་རྣམ་པའི་ལས་གནས་འདོན་སྤྲོད་ཆེད་དོན་ཁུལ་སོགས་བྱེད་ནུས་ས་ཁུལ་བཞི་བཙུགས་ཏེ། བྱེད་ནུས་སྣ་མང་ཁུལ་མཐུན་སྦྱོར་གཞོགས་འདེགས་བྱས་པ་བརྒྱུད། གདན་ཞུ་ཞབས་ཞུའི་དངོས་འབྲས་རང་བཞིན་ནུས་ལྡན་སྒོས་ཇེ་མཐོར་བཏང་། དུས་མཉམ་དུ། ཆེད་དོན་རྗེས་འདེད་རྐྱེན་སྲོལ་བཙུགས་ཏེ། ཁ་པར་བཅར་འདྲི་དང་ཁེ་ལས་སྦྲེལ་མཐུད། དགོས་མཁོ་ལྟར་ཡང་བསྐྱར་སྡེབ་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རེ་འདུན་འགོད་མཁན་དངོས་སུ་ལས་རྐང་དུ་ཞུགས་པ་དང་། བརྟན་འཇགས་སྒོས་ལས་ཞུགས་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་།

དེ་ལས་གཞན། དྲ་ལམ་དང་ཡུལ་དངོས། སྤྱི་སྟེགས་དང་བརྙན་ཐུང་སོགས་བརྒྱུད་དེ། ཟུར་ཚད་དང་ཕྱོགས་མང་པོ། རིམ་པ་མང་བའི་ལས་ཞུགས་ཞབས་ཞུའི་དྲིལ་སྒྲོག་རྣམ་པ་གྲུབ་པར་བྱས་ནས། ལས་ཞུགས་ཞབས་ཞུའི་ཚོང་རྟགས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པའི་ཤུགས་རྐྱེན་ནུས་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།

རིག་འཛིན་སྒྲོལ་མས་བསྒྱུར།