
ཟླ9པའི་ཚེས1ཉིན། ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བོད་ལུག་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་མཐོ་སྒང་གི་རྩྭ་ཐང་ཉམས་གསོའི་གནས་ཚུལ་ལ་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་མདའ་བཞི་རྫོང་ཧར་ཅིན་སོག་རིགས་ཡུལ་ཚོའི་ཡུང་ཧྥིན་སྡེ་བའི་སྲན་མ་དང་འབྲས་མཉམ་འདེབས་ཀྱི་གཟན་རྩྭའི་རྟེན་གཞི་དང་། མཚོ་བྱང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ཁུལ། མདའ་བཞི་རྫོང་གི་ཙོང་ཆུའི་ཡོན་པེ་བོད་ལུག་གསོ་སྤེལ་རྟེན་གཞི་སོགས་སུ། མཚོ་བྱང་ཁུལ་གྱི་ལུག་རྒྱུད་སྲུང་སྐྱོབ་དང་། ཁྱུ་ཚོགས་གསོ་སྤེལ་ཁྱབ་གདལ། མཐོ་སྒང་གི་རྩྭ་ས་སྲུང་སྐྱོབ་ཉམས་གསོ་དང་གཞི་གྲངས་ཕྱུགས་ལས་འཕེལ་རྒྱས། རྩྭ་ས་ཕན་ནུས་མཐོ་བའི་བེད་སྤྱོད་དང་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། འབྲེལ་ཡོད་གནད་དོན་ལ་དམིགས་ནས་བརྗེ་རེས་བྱས་པར་མ་ཟད། བསམ་ཚུལ་དང་གྲོས་གཞི་བཏོན།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཕྱུགས་ལས་ནི་རང་ཞིང་དུ་གཙོ་ཁྲིད་ཀྱི་གོ་གནས་ལྡན་པའི་ཞིང་ལས་ཐོན་ལས་ཤིག་ཡིན་པ་དང་། རྩྭ་ཐང་ནི་རང་ཞིང་གི་ཆེས་ཆེ་བའི་སྐྱེ་ཁམས་མ་ལག་ཅིག་ཡིན་ལ། ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་རུ་གྱུར་ཡོད། མཐོ་སྒང་གི་རྩྭ་ཐང་ཉམས་གསོ་བྱ་བ་ལེགས་པོར་སྒྲུབ་པ་དང་། བོད་ལུག་དང་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡིན་པས། མདུན་ལྗོངས་རྒྱ་ཆེ་ཞིང་སྦས་ཤུགས་ཆེན་པོ་ལྡན། མ་འོངས་པའི་འཕེལ་རྒྱས་ཁྲོད་དུ་སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་མུ་མཐུད་དུ་རྒྱུན་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་པ། རྒྱུད་བཟང་སྲུང་སྐྱོབ་དང་ཚན་རྩལ་བྱེད་ནུས། ཟོང་རྟགས་སྣེ་ཁྲིད་བཅས་ཤུགས་དྲག་ཏུ་གཏོང་དགོས་ཤིང་། བོད་ལུག་དང་གཟན་རྩྭའི་སྤུས་ཚད་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱུད་བཟང་འདེམ་གསོ་། གྲུབ་འབྲས་ཚུལ་སྒྱུར། དཔེ་སྟོན་ཁྱབ་སྤེལ། འཇོན་མི་གསོ་སྐྱོང་སོགས་གཙོར་འཛིན་པའི་ནུས་ཚད་ཇེ་ཆེར་གཏོང་བ། ཐོན་ལས་གསུམ་མཉམ་འདྲེས་དང་ཚོང་ར་གསར་སྤེལ་བྱ་བར་རོགས་འདེགས་བྱེད་པ་དང་། རང་ཞིང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་མིང་དུ་གྲགས་ཚད་ཇེ་མཐོར་བཏང་ནས། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་ནུས་ཤུགས་ཡོད་རྒུས་རོགས་རམ་དང་སྐུལ་འདེད་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།