
ཟླ8པའི་ཚེས26ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས།《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དེ་དུས་རབས་གསར་པའི་ཤེས་རིག་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཁྲོད་འདྲེས་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ཞེས་པ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་དངོས་སུ་བཀྲམ་པ་དང་། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་བསམ་པའི་ཤེས་རིག་འཛུགས་སྐྲུན་དང་དམངས་ཡོངས་ཀྱིས་བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དེ་དུས་རབས་གསར་པའི་ཤེས་རིག་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། ཕྱོགས་གཉི་གས་ཕན་ཚུན་ལ་ནུས་པ་འདོན་རེས་བྱ་རྒྱུ་མངོན་འགྱུར་ཡོང་བའི་ཆེད་ཡིན།
《བརྡ་ཐོའི》ནང་དུས་རབས་གསར་པའི་ཤེས་རིག་ལག་ལེན་ལྟེ་གནས་ཀྱི“མང་ཚོགས་གཅིག་སྡུད་དང་མང་ཚོགས་ལ་ཁྲིད་སྟོན། རིག་གནས་ཅན་གྱི་མི་བྱེད་པ། གོམས་སྲོལ་བཟང་བོ་གྲུབ་པར་བྱེད་པ།”བཅས་ཀྱི་འཛུགས་སྐྲུན་དམིགས་འབེན་ལ་གཞིགས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་ཁུངས་བསྡུ་སྒྲིལ་རྒྱུན་འཁྱོངས་བྱས་ནས། རྩ་འཛུགས་དང་གཡུལ་ས། ཐོན་ཁུངས། དཔུང་སྡེ། བྱེད་སྒོ་བཅས་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་པ་བརྒྱུད། “རྩ་འཛུགས་མཉམ་སྐྲུན་དང་གཡུལ་ས་མཉམ་སྤྱོད། ཐོན་ཁུངས་མཉམ་སྦྲེལ། དཔུང་སྡེ་མཉམ་སྐྱོང་། བྱེད་སྒོ་མཉམ་སྒྲུབ་བཅས་ཀྱི་ཤེས་རིག་ལག་ལེན་གྱི་ཕྱོགས་བསྡུས་རྣམ་པ་བསྐྲུན་རྒྱུ་དེ་རེད།
《བརྡ་ཐོའི》ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དྲིལ་སྒྲོག་དང་མང་ཚོགས་རིགས་དགར་ནས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ། ཁྲིམས་སྐྱོང་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ་དང་ཤེས་རིག་ལག་ལེན་གྱི་གཡུལ་ས་རྒྱ་བསྐྱེད་པ། དང་བླངས་ཞབས་ཞུའི་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་སྙིང་སྟོབས་གསོ་སྐྱོང་དང་ལག་ལེན་བཅས་ཚུད་པའི་ནང་དོན་གཙོ་བོ་ཁག་བརྒྱད་དངོས་སུ་བཏོན་ཡོད། དུས་མཚུངས་སུ། རྩ་འཛུགས་དང་གཡུལ་ས། ཐོན་ཁུངས། དཔུང་སྡེ། ཞབས་ཞུ་བཅས་མཉམ་འདྲེས་བྱེད་ཐབས་ཆེན་པོ་ལྔ་དངོས་སུ་བཀོད་དེ། ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ཀྱི་བཅོས་སྐྱོང་རྒྱུན་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་གསོ་སྐྱོང་དང་ཁྲིམས་སྐྱོང་གི་དད་མོས་གསོ་སྐྱོང་བྱེད་དགོས་པ་དངོས་སུ་བཏོན་ཡོད།
《བརྡ་ཐོའི》ནང་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཁྲོད་འདྲེས་པར་སྐུལ་འདེད་གཏོང་རྒྱུ་ནི། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་དུ་བསྟར་བའི་བྱེད་ཐབས་རྣལ་མ་ཞིག་ཡིན་ལ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ལེགས་བཅོས་དང་ཁྲིམས་འཛིན་སྲིད་འཛིན་གསར་གཏོད་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་དང་ཤེས་རིག་ལག་ལེན་ཁྲོད་ཞུགས་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ས་གནས་སོ་སོའི་དྲིལ་སྒྲོག་པུའུ་དང་ཤེས་རིག་གཞུང་ལས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་བཅས་ཀྱིས་ཁྱོན་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག་གི”བསམ་བློ་འཛུགས་པ་དང་། འཕྲེད་ཕྱོགས་ཀྱི་མཉམ་འབྲེལ་མཉམ་ལས་དང་གཞུང་ཕྱོགས་ཀྱི་གཅིག་གྱུར་འཆར་འགོད་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ལས་དོན་སོ་སོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཐུན་རྐྱེན་ཅི་རིགས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།