ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་དམངས་ཆེན་ལས་བྱེད་པའི་ནུས་པ་མཐོར་འདེགས་གསོ་སྦྱོང་སྤེལ།
ཁུངས། ཀློག་གྲངས། 20

ཟླ9པའི་ཚེས5ཉིན། 2025ལོའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་དམངས་ཆེན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་འགན་ནུས་སློབ་སྦྱོང་འཛིན་གྲྭ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་མཇུག་བསྒྲིལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་དམངས་ཆེན་ལས་བྱེད་པ་བཞི་བཅུ་སློབ་སྦྱོང་གསོ་སྦྱོང་དང་མཇུག་བསྒྲིལ་མཛད་སྒོར་ཞུགས།

ཐེངས་འདིའི་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ཤིང་། སློབ་ཁྲིད་ལ་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཆེད་དོན་འཆད་ཁྲིད་དང་། ཡུལ་དངོས་སློབ་ཁྲིད་དང་སྣང་ཚུལ་སློབ་ཁྲིད། དེ་མིན་འཐུས་མིའི་འགན་ནུས་དང་འབྲེལ་བའི་གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་དང་གྲོས་གཞི་གྲོས་འགོ་སྒྲུབ་པའི་འབྲེལ་ཡོད་སློབ་ཚན་བཅས་ཡོད་ལ། ད་དུང《གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་ཐེབས》ཞེས་པའི་གློག་བརྙན་སློབ་ཁྲིད་ཀྱང་ཆེད་དུ་བཀོད་སྒྲིག་བྱས། ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། སློབ་མ་ཚོས་མཉམ་དུ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་། མཉམ་དུ་ལོ་རྒྱུས་དྲན་པ་དང་། རླབས་ཆེ་བའི་དམག་འཁྲུག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་པས། དུས་རབས་གསར་པའི་དམངས་ཆེན་འཐུས་མི་དང་དམངས་ཆེན་ལས་བྱེད་པའི་འགན་འཁྲི་དང་ཁག་ཁུར་སྔར་ལས་ཇེ་གསལ་དུ་བཏང་།

སློབ་ཁྲིད་མཇུག་བསྒྲིལ་བའི་མཛད་སྒོའི་སྟེང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཀྲང་རའོ་ལེ་དང་ལིའུ་ཧྲི་རོང་། ཚེ་གཟུངས་སྐྱིད་བཅས་སློབ་མ་གསུམ་གྱིས་བརྗེ་རེས་གཏམ་བཤད་བྱས། སློབ་མ་ཚོས་གསོ་སྦྱོང་སློབ་སྦྱོང་ནི་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་ཏང་གཤིས་སྦྱོང་བརྡར་ཐེངས་ཤིག་ཡིན་ལ། འགན་སྒྲུབ་ནུས་པ་མཐོར་འདེགས་བྱེད་པའི་ནུས་པ་རྒྱུན་སྐྱོང་བ་ཞིག་ཀྱང་ཡིན་པས། བསམ་བློའི་ངོས་འཛིན་ཐད་ཀྱི་མཐོར་འདེགས་གསར་པ་དང་བསམ་གཞིགས་མཐོང་རྒྱ་ཐད་ཀྱི་གསར་གཏོད་གསར་པ། འགན་སྒྲུབ་ནུས་པ་ཐད་ཀྱི་མཐོར་འདེགས་གསར་པ་ཡིན་པར་འདོད། ཁོ་ཚོས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ངེས་པ་དོན་གྱིས་སྲ་བརྟན་དུ་གཏོང་བ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་པ། དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་གཉེར་ལ་མཐོང་ཆེན་བྱེད་པ་དེ་ཁྲག་རྒྱུན་ཁྲོད་འདྲེས་པར་བྱེད་པ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་བློ་གྲོས་དང་འཐུས་མིའི་སྟོབས་ཤུགས་འབུལ་དགོས།

ཤ་བོ་གསེར་མཚོས་བསྒྱུར།