མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་གིས་ཕུལ་བྱུང་སློབ་མར་རོགས་དངུལ་སྤྲད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སློབ་སྐབས་གསར་པ་མགོ་རྩོམ་སྐབས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་2025ལོའི་སློབ་ཆེན་སློབ་མ་གཅིག་སྡུད་ཀྱིས་སྐྱེལ་བསུ་དང་སློབ་གསོའི་རོགས་དངུལ་སྤྲོད་པའི་མཛད་སྒོ་བསྡུས་ནས། འབྲིང་རྒྱགས་དང་དང་མཐོ་རྒྱུགས་ཀྱི་ཁྲོད་དུ་ཕུལ་བྱུང་གྲུབ་འབྲས་བླངས་པའི་སློབ་མར་བསྟོད་བསྔགས་བྱས་པར་མ་ཟད། ཕུལ་བྱུང་སློབ་མ་རྣམས་ལ་སློབ་གསོའི་རོགས་དངུལ་སྤྲད་པ་དང་། སློབ་མ་རྣམས་ལ་ཡུན་རིང་གི་ཕུགས་བསམ་ལྡན་དགོས་པ་དང་།  མི་སྒེར་གྱིས་སློབ་སྦྱོང་ལ་འབད་འཐབ་བྱེད་པ་དེ་རྒྱལ་ཁབ་དར་རྒྱས་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དང་ཟུང་འབྲེལ་བྱས་ནས། བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་ཕ་ཡུལ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་།

རྩེ་ཁོག་རྫོང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྡེ་ཚོགས་ཀྱི་རོགས་སྐྱོར་འོག   ད་ལོའི་མཐོ་རྒྱུགས་སྐབས་ཀྱི་ལོ་རྒྱུས་དང་དངོས་ལུགས་ཚན་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་སོ་སོར་སློབ་མ6དང་། མཐོ་རྒྱུགས་ཀྱི་གྲ་སྒྲིག་ཚན་ཁག་དང་དེའི་ཡན་གྱི་སློབ་མ118  དེ་མིན་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མ28  འབྲིང་རྒྱུགས་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་དང་།  དེ་མིན་བསླབ་ཚན་གཞན་གྱི་ཨང་དང་པོ་ནས་བཅུ་བའི་བར་གྱི་སློབ་མ8ལ་སློབ་གསོའི་རོགས་དངུལ་སྤྲད།

རྩེ་ཁོག་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་སྟེང་བཞག་ནས།  རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་གསུམ་ས་ཡ་བཞི་བཏང་ནས། སློབ་གསོའི་ཕྱོགས་ཀྱི་ནོར་སྲིད་གཏོང་སྒོར་ཤུགས་སྣོན་བརྒྱབ་པའི་ནང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བཞི་བཏང་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་རྨང་གཞིའི་སྒྲིག་ཆས་གསར་སྐྲུན་དང་བསྒྱུར་བཀོད་རྒྱ་བསྐྱེད། སློབ་གསོའི་བཀོད་སྒྲིག་དང་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བཏང་པ་དང་།  སློབ་གསོའི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ།  རྫོང་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་སྲོལ་བཙུགས་པ་དང་། སློབ་གསོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་དཀའ་ངལ་ཡོད་པའི་སློབ་མར་དོ་ཁུར་བྱེད་པ། སློབ་མ་དེ་ལས་མང་པོར་སློབ་ཆེན་ལ་རྒྱུགས་ལེན་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས། སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་གསུམ་བཏང་ནས་སློབ་མ་ཁྲི་དྲུག་དང་སྟོང་བཞི་ལྷག་ཙམ་ལ་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པར་མ་ཟད། སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་ལྔ་བཏང་ནས། སློབ་ཆེན་སློབ་མའི་སློབ་རོགས་དང་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པར་སྤྱད་དེ།   ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་གིས་སློབ་མ་སློབ་གྲྭར་འགྲོ་མི་ཐུབ་པའི་གནས་དོན་སེལ་བའི་འགན་སྲུང་དྲ་བ་སྲ་བརྟན་དུ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།