མཚོ་སྔོན་གྱིས་བྱེད་ཐབས་ཁག་ལྔ་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཉེ་ལམ། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཟླ་བཅུ་པའི་ཟླ་མཇུག་གི་ལས་འགན་ལས་མཚམས་ལ་དམ་པོར་དམིགས་ནས། འགག་སྒྲོལ་བྱེད་ཐབས་རྒྱུན་མཐུད་སྒོས་ཟབ་སྤེལ་བྱས་པ་དང་། ཕྱོགས་ལྔ་ནས་ཤུགས་བཏོན་ཏེ་བྱང་གསུམ་བཟོ་སྐྲུན་གཏིང་ཟབ་ངང་འཛུགས་པར་སྐུལ་འདེད་བཏང་ལ། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་འགྲུབ་པར་ཁག་ཐེག་བྱས།

ཚན་རིག་དང་མཐུན་པའི་འཆར་འགོད་སྦྲེལ་མཐུད་དམ་འཛིན་བྱས་པ་དང་། རྒྱལ་ཁབ་དང་ས་གནས། ཡུན་རིང་དང་ཡུན་ཐུང་། ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཁུལ་བཅས་འཆར་འགོད་སྦྲེལ་མཐུད་རིགས་གསུམ་གྱི་བླང་བྱར་རྐང་བཙུགས་ཏེ། ཙོང་ཆུའི་འབབ་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་གྱི་མཉམ་འབྲེལ་འགོག་བཅོས་དང་། མཚོ་སྔོན་པོ་བསྐོར་བའི་བྱེ་འགོག་བྱེ་བཅོས། རྨ་ཆུའི་ཆུ་ལག་འགྲམ་རྒྱུད་བཅོས་སྐྱོང་སོགས་ཀྱི་ལས་གཞི་ཆེན་པོར་གཙོ་གནད་སྐུལ་འདེད་བཏང་། སྤུས་འདེགས་དང་ལས་དར། དམངས་ཕན་བཅས་ཀྱི་བྱང་གསུམ་ལས་གཞི་སྐོར་ཞིག་འཆར་འགོད་བཀོད་སྒྲིག་བྱས་ཤིང་། བསྐྱར་བཟོ་བྱེད་ཆོག་ལ་ཁྱབ་གདལ་གཏོང་ཆོག་པའི་ལས་གཞིའི་དཔེ་སྟོན་མ་དཔེ་སྐོར་ཞིག་བསྐྲུན།

ཚན་རྩལ་གྱི་འདེགས་སྐྱོར་ཁྲིད་སྟོན་དམ་འཛིན་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ཞིང་། ཚན་ཞིབ་ཁང་གི་དགེ་མཚན་སྟོབས་ཤུགས་དག་སྒྲིག་བྱས་ཏེ། ཚན་རྩལ་གྱི་བྱེ་བཅོས་ཟབ་ཚད་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ལ། ཐན་སྐམ་བཟོད་ཐུབ་པའི་ས་བོན་འདེབས་འཛུགས་དང་བྱེ་འགྱུར་ས་ཞིང་སླར་གསོ། རིག་ནུས་ནགས་རྩྭ་ཚད་ལེན་སོགས་འགག་རྩའི་ཁྱབ་ཁོངས་སུ་མཉམ་འབྲེལ་འགག་སྒྲོལ་བྱེད་པར་དམིགས་ནས། མི་མེད་གནམ་གྲུ་ལ་བརྟེན་ནས་ས་བོན་འདེབས་པ་དང་། སྐྱེ་དངོས་ལ་བརྟེན་ནས་བྱེ་འགོག་བྱེད་པ་སོགས་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས། བྱེ་བཅོས་ལག་རྩལ་འཇོན་མི་སྐྱེད་སྲིང་བྱེད་ཚད་ཇེ་ཆེར་བཏང་སྟེ། ཐན་སྐམ་དང་གྲང་ངར། ཚྭ་བུལ་བཅས་བཟོད་ཐུབ་པའི་སྤུས་ལེགས་སྡོང་བོ་དང་རྩྭ་འདེབས་འཛུགས་ཀྱི་འདེབས་གསོའི་དཀའ་གནད་ལས་ཐོད་བརྒལ་བྱས།

རྣམ་པ་མང་བའི་གསར་གཏོད་དམ་འཛིན་བྱས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་ཟབ་ཞུགས་བྱེད་པ། སྤྱི་ཚོགས་མཐུན་སྦྱོར་བྱེད་པ་བཅས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་གསར་གཏོད་བྱས་ནས། རྒྱལ་ཁབ་ཀྱི་ནགས་རྩྭའི་གཙོ་གནད་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་པ་དང་། རྒྱལ་དབང་ཁེ་ལས་དང་སྤྱི་ཚོགས་མ་རྩ་དེ་བྱེ་འགོག་བྱེ་བཅོས་ཁྲོད་ཞུགས་པར་སྐུལ་མ་བཏང་ཞིང་། གཞུང་ལམ་བསྐྲུན་ནས་བྱེ་བཅོས་བྱེད་པ་དང་། འོད་ནུས་ལ་བརྟེན་ནས་བྱེ་བཅོས་བྱེད་པ། ཐོན་ལས་ལ་བརྟེན་ནས་བྱེ་བཅོས་བྱེད་པ་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པར་སྐུལ་འདེད་བཏང་། བྱེ་བཅོས་དང་ཕྱུག་འགྱུར་གཅིག་འདོམས་བྱས་པ་དང་། 2025ལོར་ལག་བསྟར་བྱས་པའི་ནགས་རྩྭའི་ལས་གཞིར་ཕྱོགས་ཡོངས་ནས་ལས་ཚབ་རྒུད་སྤྲོད་ལག་བསྟར་བྱས་ཏེ། ཁྱོན་བསྡོམས་རོང་འབྲོག་མང་ཚོགས་ཁྲི་གཉིས་དང་སྟོང་བདུན་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཞུགས་སུ་བཅུག་པ་དང་། ངལ་ལས་གླ་ཕོགས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དྲུག་སྤྲད།

སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དམ་འཛིན་བྱས་པ་དང། བཟོ་སྐྲུན་སྤུས་ཀའི་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། འགན་སྲུང་རང་བཞིན་གྱི་མྱུ་གུ་དང་ས་བོན་འདེབས་འཛུགས་གསོ་སྐྱོང་རྟེན་གཞི་འཛུགས་པར་ཤུགས་བསྣན་ནས། མྱུ་གུའི་སྤུས་ཚད་འདེམ་བཤེར་དང་། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ཞིབ་བཤེར་སྤེལ་ཞིང་། གཏན་འཁེལ་གྱི་བརྗེ་རེས་གནས་ཡུལ་ལས་གཞན་ལས་སྒོའི་བྱ་འགུལ་སྤེལ་བ་དང་། རྒྱལ་དབང་ནགས་ར་བརྒྱུད་དེ་ནགས་སྐྲུན་ལྗང་འགྱུར་བྱེད་པ། རྒྱལ་དབང་ནགས་རའི་བདག་གཉེར་ཁྱབ་ཁོངས་ལས་གཞན་ནགས་ཚལ་ལ་དོ་དམ་བྱེད་པ་སོགས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། བཟོ་སྐྲུན་ཁུལ་གྱི་སྐོར་སྲུང་སྐོར་ཞིབ་ལ་ཤུགས་བསྣན།

འགན་འཁྲི་སྤྱོད་ཚུལ་འགན་སྲུང་དམ་འཛིན་བྱས་པ་དང་། ནགས་དཔོན་ལམ་ལུགས་བརྒྱུད་དེ་རིམ་པ་བཞིན་དུ་ས་གནས་ཀྱི་འགན་འཁྲི་དངོས་འབེབས་བྱས་ཤིང་། དམིགས་འབེན་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ལ། བྱེ་བཅོས་དངོས་ཟོག་གཅིག་འདོམས་བཀོད་གཏོང་ལ་ཤུགས་བསྣན་ནས། ཕྱོགས་བཞིའི་འགན་འཁྲི་སྔར་ལས་དངོས་འབེབས་བྱས་པ་དང་། མ་དངུལ་བེད་སྤྱོད་འགག་སྒོ་དང་ལས་གཞི་ལག་བསྟར་འགག་སྒོ། བཟོ་སྐྲུན་སྤུས་ཀའི་འགག་སྒོ་བཅས་དམ་འཛིན་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་བོར་དོ་དམ་ལ་ཤུགས་བསྣན་པ་དང་། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ནུས་ལ་ཁག་ཐེག་བྱས།

ལྷ་མོ་འཚོས་བསྒྱུར།