མཚོ་སྔོན་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ཁྲི་ལྷག་ཏང་གི་སློབ་གྲྭར་སོང་ནས་གཅིག་སྡུད་རེས་སྐོར་གསབ་སྦྱོང་བྱེད་པའི་ལས་གཞི་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ཁྲི་ལྷག་ཏང་གི་སློབ་གྲྭར་སོང་ནས་གཅིག་སྡུད་རེས་སྐོར་གསབ་སྦྱོང་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། ཏང་ཡོན་གྱི་སློབ་གསོའི་གསབ་སྦྱོང་མ་ལག། ཏང་ཡོན་གྱི་སློབ་གསོའི་གསབ་སྦྱོང་ཕན་འབྲས་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་བཏོན།

ཇུས་གཞི་ལས། གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་གྱི་སློབ་གསོའི་གསབ་སྦྱོང་ལས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་ལས་གཞི་དང་ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་གཅིག་སྡུད་རེས་སྐོར་གསབ་སྦྱོང་བྱེད་པའི་ལས་གཞི་གཉིས་བརྟེན་ས་གཙོ་བོར་བྱས་ཤིང་། ཞིང་ཆེན་རིམ་པའི་དཔེ་སྟོན་དང་གྲོང་ཁྱེར་རིམ་པའི་གཙོ་གནད། ཆུས་དང་རྫོང་གི་ཡོངས་ཁྱབ། གཞི་རིམ་ཏང་ཨུའི་མཐའ་སྲུང་བཅས་ཀྱི་རིམ་དབྱེ་གསབ་སྦྱོང་རྣམ་པ་སྤྱད་དེ། དུས་ཡུན་ལོ་གསུམ་གྱི་རིང་ལ་ཞིང་ཆེན་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ཁྲི་ལྷག་ལ་འཆར་གཞི་ལྡན་ཞིང་། རིམ་པ་དབྱེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཡོངས་ཁྱབ་ཏུ་རེས་སྐོར་གསབ་སྦྱོང་ཐེངས་ཤིག་སྤེལ་རྒྱུ་ཡིན་པ་གཏན་འཁེལ་གསལ་བོ་བྱས།

གསབ་སྦྱོང་ནང་དོན་ཐད། ཇུས་གཞི་ལས། དཔལ་འབྱོར་རྩ་འཛུགས་གསར་བས་གཙོ་བོ་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ། ལས་བཟོ་པ་དང་མང་ཚོགས་མཐུན་སྒྲིལ་གཅིག་སྡུད་བྱེད་པ། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཁེ་ལས་ཀྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་ཏང་ཡོན་གྱི་སློབ་གསོའི་གསབ་སྦྱོང་སྤེལ་དགོས། སྤྱི་ཚོགས་རྩ་འཛུགས་གསར་བས་གཙོ་བོ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲོད་རིམ་ལྡན་ངང་ཟབ་ཞུགས་བྱེད་པ། སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་ལ་དམིགས་ནས་ཏང་ཡོན་གྱི་སློབ་གསོའི་གསབ་སྦྱོང་སྤེལ་དགོས། ལས་ཞུགས་ཚོགས་པ་གསར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་ཚོགས་པ་གསར་བའི་གཅིག་སྡུད་ཞབས་ཞུར་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པར་ཟུང་འབྲེལ་དང་། ཏང་ཡོན་གྱིས་ཏང་གཤིས་ལྟ་བ་དང་ཏང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། ཏང་གི་གསར་དར་ཁྱབ་ཁོངས་ཀྱི་འབོད་སྐུལ་ནུས་པ་དང་ཤུགས་རྐྱེན་ཇེ་ཆེར་གཏོང་བ་བཅས་ལ་དམིགས་ནས་གསབ་སྦྱོང་སྤེལ་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།