
ཟླ9པའི་ཚེས16ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཏང་གི་སློབ་ཁྲིད་ཆུང་ངུ”ཞེས་པའི་འགྲེམས་སྟོན་ཟི་ལིང་གྲོང་ཁྱེར་དུ་སྤེལ། ད་ཐེངས་ཀྱི་བྱེད་སྒོས“མི་རིགས་མཐུན་སྒྲིལ་དང་ལས་ཁུངས་སེམས་མཐུན”ཞེས་པ་བརྗོད་དོན་དུ་བཟུང་ནས། རྣམ་པ་གསར་གཏོད་བྱས་པ་བརྒྱུད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་ལག་ལེན་གྲུབ་འབྲས་གཅིག་སྡུད་སྒོས་མངོན་པར་བྱས།
ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ལུས་རྩལ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ནོར་སྲིད་པུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་མཚོ་སྔོན་བརྟག་དཔྱད་སྤྱིའི་རུ་ཁག མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུའུ་སོགས་ལས་ཁུངས་བཅུ་ལྷག་གི་ཏང་ཡོན་ལས་བྱེད་པས་འགྲེལ་བརྗོད་དང་གྱེར་འདོན། ཟློས་གར་སོགས་ཀྱི་རྣམ་པའི་ལམ་ནས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་ལྟ་རྟོག་དང་རོགས་རམ་བྱེད་པ་དང་། བློ་ནུས་གཅིག་སྒྲིལ་སྒོས་འབད་བརྩོན་བྱེད་ཀྱིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་མངོན་པར་བསྟན།
ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས། ཏང་འཛུགས་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།“ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་མཉམ་འབྲེལ”གྱི་ཐབས་ལམ་གསར་པ་འཚོལ་ཞིབ་གང་ལེགས་བྱས་ནས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་ཞུགས་ཏེ་ཀུན་གྱི་མདུན་དུ་བསྐྱོད་ནས་མིག་དཔེ་སྟོན་རྒྱུར་ཁྲིད་སྟོན་བྱས། ད་ཐེངས་ཀྱི་ཏང་གི་སློབ་ཁྲིད་ཆུང་ངུའི་འགྲེམས་སྟོན་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཡིན་པར་བརྟེན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དྲིན་དྲན་པ་དང་བརྩེ་སེམས་ལྡན་པ། དངོས་གཉེར་ལ་མཐོང་ཆེན་བཅས་བྱེད་པའི་རང་རྟོགས་ཡོད་པའི་བྱ་སྤྱོད་ལག་ལེན་དུ་བསྟར་བར་སྐུལ་མ་ཐེབས་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་ལས་དོན་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྟོབས་ཤུགས་ཅི་ཡོད་སྔར་ལས་གཅིག་སྡུད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།