སྟོང་སྐོར་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉིན་འགའི་སྔོན་ལ། གུང་གཞོན་ཚོགས་པ་སྟོང་སྐོར་རྫོང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་སྟོང་སྐོར་རྫོང་ཨུའི་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བརྩིས་ནས། དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་།

རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་ལས་དགེ་རྒན་གྱིས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་སྡེ་ཁུལ་དང་། ཞིང་སྡེ། སློབ་གྲྭ་བཅས་སུ་བསྐྱོད་པའི་བྱ་ཐབས་སྤྱད་དེ། སྔ་རྗེས་སུ་སྟོང་སྐོར་རྫོང་སློབ་འབྲིང་དང་པོ་དང་། ཏ་ཧྭ་ལྟེ་གནས་སློབ་གྲྭ ཁྲིན་ཀོན་གྲོང་རྡལ་ཝན་ཨན་ལམ་སྡེ་ཁུལ་གྱི་སློབ་གྲྭ་སོགས་ལས་ཁུངས་སུ་བསྐྱོད་དེ། ན་གཞོན་ལོ་ཆུང་སློབ་མ་དང་གཞི་རིམ་མང་ཚོགས་ལ་ཁ་གཏད་ནས།“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་དང་ལག་ལེན་གྱི་ཐབས་ལམ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སྤེལ།

སྒྲོག་འགྲེལ་བྱེད་སྐབས། སྒྲོག་འགྲེལ་དགེ་རྒན་གྱིས་མཚོ་སྔོན་གྱི་མི་རིགས་མང་བའི་འདུས་སྡོད་དང་།    ཆོས་ལུགས་མང་པོ་མཉམ་གནས། རིག་གནས་སྣ་མང་མཉམ་འདྲེས་བཅས་ཀྱི་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།    ལོ་རྒྱུས་དང་དོན་དངོས། འཐབ་ཇུས་ཁྱོན་ཡོངས་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་དོན་སྙིང་གལ་ཆེན་དང་ལག་ལེན་ཀྱི་བླང་བྱ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། ལོ་རྒྱུས་ཀྱི་དོན་དངོས་དང་གཞི་གྲངས་འབོར་ཆེན་དྲངས་ནས་མཚོ་སྔོན་གྱི་དམིགས་བསལ་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས། གསོན་ཉམས་ལྡན་པའི་གྱོད་དཔེ་དང་ཕན་ཚུན་ལ་དྲི་བ་འདྲི་བའི་རྣམ་པ་སྤྱད་དེ།“མོས་མཐུན་ལྔའི”གཏིང་ཟབ་པའི་གོ་དོན་ལ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་དང་།  རིགས་སོ་སོའི་མང་ཚོགས་ཀྱིས“སྐྱིད་སྡུག་མཉམ་མྱོང་དང་།    དགེ་འཚང་མཉམ་འཁུར། ཤི་གསོན་མཉམ་བསུ།  ལས་དབང་གཅིག་སྦྲེལ”བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལྟ་བ་བརྟན་པོ་འཛུགས་པར་སྐུལ་ཁྲིད་བྱས། བྱ་འགུལ་གྱི་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁེངས་པ་དང་། དགེ་རྒན་དང་སློབ་མ་སྤྲོ་སེམས་ཆེན་པོའི་ཟབ་ཞུགས་བྱས་ནས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁུར་སེམས་དང་རང་འགུལ་རང་བཞིན་ལ་སྔར་ལས་སྐུལ་སྤེལ་བྱས།

ཐེངས་འདིའི་བྱ་འགུལ་ནི་སྟོང་སྐོར་རྫོང་གི“ཏང་འཛུགས་སྐྲུན་གྱིས་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”ལག་ལེན་ནུས་ལྡན་ཞིག་ཡིན་པ་དང་།  ཚོགས་པ་མི་འདྲ་བའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མཐོ་རུ་གཏོང་བ་དང་།    “མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི”རྣམ་པ་ཟབ་མོ་བསྐྲུན།

ཤ་བོ་རིན་མཚོས་བསྒྱུར།