ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྲིད་དོན་ཐབས་རྩལ་དང་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་སྐབས་བཅུ་དྲུག་པ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ9བའི་ཚེས19ཉིན།  ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྲིད་དོན་ཐབས་རྩལ་དང་གཞུང་ཡིག་རྩོམ་འབྲིའི་འགྲན་བསྡུར་སྐབས་བཅུ་དྲུག་པ། མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་སུ་སྤེལ།  ཞིང་ཆེན་ཐད་གཏོགས་ལས་ཁུངས78ནས་ཐོན་པའི་ལས་བྱེད་པ210འགྲན་སྡུར་ལ་ཞུགས།

ཐེངས་འདིའི་འགྲན་སྡུར་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་གཞིར་བཟུང་ནས།  སྔར་ལས་ལྷག་པའི་སྒོ་ནས“མངག་བཅོལ་ཡིད་ལ་འཛིན་པ་དང་།  དྲིན་ཚོར་ཡར་བསྐྱེད། ལས་སྒྲུབ་སྔོན་བརྩོན་བཅས”ཀྱི་འགུལ་སྤྱོད་ཀྱི་བྱ་བའི་བྱེད་ཐབས་དོན་འཁྱོལ་བྱེད་ཆེད།  ཤུགས་ཆེན་པོས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་སྲིད་དོན་ཐབས་རྩལ་དང་གཞུང་ཡིག་རྩོམ་འབྲིའི་ཆུ་ཚད་ཇེ་མཐོར་བཏང་བ་དང་།  “འགྲན་སྡུར་ལས་སློབ་སྦྱོང་བྱེད་པ་དང་།  འགྲན་སྡུར་ལས་སྦྱོར་བརྡར་བྱེད་པ།  འགྲན་སྡུར་ལས་ནུས་རྩལ་མཐོར་འདེགས་བྱེད་པ”བཅས་ཀྱི་རྣམ་པ་བཟང་བོ་བསྐྲུན་ཡོད།  འགྲན་ཞུགས་ལས་ཁུངས་ནི་བཟོ་ཚོགས་རྩ་འཛུགས་ཀྱི་འབྲེལ་བ་ཞིང་ཆེད་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་གཏོགས་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་པ་ཡིན་ལ།  འགྲན་སྡུར་དུ་ཡིག་རྒྱུགས་རྣམ་པས།  རྒྱུགས་ཤོག་སྟེང་གི་རྒྱུ་ཆ་གཞིར་བཟུང་ཏེ་རྩོམ་འབྲིའི་བླང་བྱ་ལྟར།   འབྲེལ་ཡོད་ཡིག་རིགས་ཀྱི་གཞུང་ཡིག་གམ་རྒྱུན་སྤྱོད་ཡིག་ཆ་འབྲི་དགོས།  དེར་མ་ཟད།  ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་རྩོམ་འབྲིའི་ཕྱོགས་ཀྱི་ཆེད་མཁས་པ་དཔྱད་འདེམས་པར་འདན་འདྲེན་བྱས་ཡོད།

ཐེངས་འདིའི་འགྲན་སྡུར་དུ་ཨང་དང་པོ་དང་གཉིས་པ།  གསུམ་པ་བཅས་བཀོད་སྒྲིག་བྱས་ཡོད་ཡོད་ལ།  བཟང་རྟགས་ཐོབ་པའི་འགྲན་ཞུགས་པར་གཟི་བརྗིད་དཔང་ཡིག་སྤྲད་པ་དང་།  ཨང་དང་པོ་ཐོབ་པའི་འགྲན་ཞུགས་པར་མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་འགྲན་སྡུར་ཚོ་ཆུང་གིས“ལག་རྩལ་མཁས་དབང”གི་མཚན་སྙན་གནང་བ་དང་།  ཨང་གཉིས་པ་ནས་ཨང་དྲུག་པའི་བར་གྱི་འགྲན་ཞུགས་པར“ཕུལ་བྱུང་འགྲན་ཞུགས་པའི”མཚན་སྙན་གནང་།

རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ཡིག་རྩོམ་འབྲིའི་ནུས་རྩལ་འགྲན་སྡུར་བསྟུད་མར་སྐབས་བཅུ་དྲུག་འཚོག་པ་ནི།  ལས་ཁུངས་ཀྱི་ལས་བྱེད་པའི་ཧུར་བརྩོན་ཡར་བསྐྱེད་དང་།  ལས་གཅེས་ལས་བཀུར། སློབ་སྦྱོང་ལ་མཐོང་ཆེན་དང་བསམ་གཞིགས་བྱེད་མཁས་པ། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པའི་གར་སྟེགས་གལ་ཆེན་ཞིག་ཡིན་པ་མ་ཟད། རིམ་བཞིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མཚོན་རྟགས་རང་བཞིན་གྱི་ཏང་འཛུགས་ཟུང་རྟགས་སུ་གྱུར་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།