ཟླ་སྔོན་མ་བརྒྱད་ཀྱི་ནང་མཚོ་སྔོན་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ9པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས། ད་ལོར་ཞིང་ཆེན་ཡོངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་སྟེ། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱིས་སྤྱིའི་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་མྱུར་ངང་འཕར་བ་དང་འཛད་སྤྱོད་ཁྲོམ་ར་མུ་མཐུད་ཇེ་རྒྱས་ཇེ་ལེགས་སུ་སོང་།

བཟོ་ལས་ཀྱི་ཐད། ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས6.2%འཕར་ཡོད། རིགས་ཆེན་པོ་གསུམ་ལ་བགོས་ནས་བལྟས་ན། གཏེར་ལས་ཐོན་ལས་ཀྱི་འཕར་ཐང་དུས་མཚུངས་ལས3.0%འཕར་བ་དང་བཟོ་སྐྲུན་ལས་རིགས8.4%འཕར་ཡོད་ལ། གློག་ཤུགས་དང་ཚ་ཤུགས། འབར་རླངས་དང་དེ་བཞིན་ཆུའི་ཐོན་སྐྱེད། མཁོ་འདོན་ལས་རིགས་བཅས2.7%འཕར་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས8.0%འཕར་བ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས6.8%འཕར་ཡོད། གློག་འདོན་ཚད0.4%འཕར་བའི་ནང་རླུང་ཤུགས་གློག་འདོན་ཚད7.6%འཕར་བ་དང་། ཉི་འོད་ནུས་པའི་གློག་འདོན་ཚད4.9%འཕར་ཡོད་ལ། ཆུ་ཤུགས་གློག་འདོན་ཚད5.0%མར་འགྲིབ་ཡོད།

རྨང་གཞིའི་སྒྲིག་ཆས་ལ་མ་དངུལ་གཏོང་བའི་ཐད། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས21.9%འཕར་ནས། དེས་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཀྱི33.2%ཟིན་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས་ལ་དངུལ་གཏོང་བྱེད་ཚད31.1%འཕར་བ་དང་། ཆ་འཕྲིན་བརྒྱུད་གཏོང་ཞབས་ཞུའི་ལས་རིགས་ལ་དངུལ་གཏོང་བྱེད་ཚད་ལྡབ1.2འཕར་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལས་རིགས་ལ་མ་དངུལ་གཏོང་ཚད27.6%འཕར་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་གཏོང་ཚད་བརྒྱ་ཆའི1.7%འཕར་ནས། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་བསྡུར་ཚད28.5%ཟིན་ཡོད། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཚད་29.6%འཕར་ཡོད།

ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་ཐེར་ཆེན་དྲུག་ཐེར་འབུམ་བརྒྱད་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་དགུ་ཟིན་ཡོད་ཅིང་། དེ་དུས་མཚུངས་ལས5.1%འཕར་ཡོད། ཚད་བཀག་ཡན་གྱི་སྡེབ་འཚོང་དང་སིལ་འཚོང་ཚོང་ཟོག་ཁྲོད། གཞི་རྩའི་འཚོ་བའི་རིགས་ཀྱི་ཚོང་ཟོག་སིལ་འཚོང་བརྟན་པོའི་ངང་འཕར་བ་དང་། འབྲུ་སྣུམ་ཟས་རིགས་དང་འཐུང་ཆུའི་རིགས། ཉིན་རེའི་མཁོ་ཆས་རིགས། ཀྲུང་ལུགས་དང་ནུབ་ལུགས་ཀྱི་སྨན་རྫས་རིགས་བཅས་ཀྱི་ཚོང་ཟོག་སིལ་འཚོང་གྲངས་འབོར་སོ་སོར2.1%དང22.9%།4.0%། 9.3%བཅས་འཕར་ཡོད། ཚད་བཀག་ཡན་གྱི་སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཀྱིས་སྤྱི་པའི་དྲ་རྒྱ་བརྒྱུད་དེ་སིལ་འཚོང་གྲངས་འབོར93.6%འཕར་བ་དང་། ཚད་བཀག་ཡན་གྱི་བཟའ་བཏུང་ལས་རིགས་ཀྱིས་སྤྱི་པའི་དྲ་རྒྱ་བརྒྱུད་དེ་བཟའ་བཏུང་གྲོན་དངུལ་ཡོང་འབབ64.6%འཕར་ཡོད།

འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་ཇེ་ལེགས་སུ་ཕྱིན་པ་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་ཀྱི་རིགས། འཕྲིན་གཏོང་ཡོ་བྱད་ཀྱི་རིགས། རླངས་འཁོར་ཀྱི་རིགས་བཅས་ཀྱི་ཚོང་ཟོག་སིལ་འཚོང་གྲངས་འབོར་སོ་སོར63.4%དང་7.5%། 20.0%འཕར་ཡོད། ལྗང་མདོག་དང་རིག་ནུས་འཛད་སྤྱོད་འཕར་ཚད་ལེགས་པོ་མངོན་པ་དང་། གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས། སྒྲ་བརྙན་ཡོ་ཆས། ནུས་ཁུངས་གསར་པའི་རླངས་འཁོར་བཅས་ཀྱི་སིལ་ཚོང་གྲངས་འབོར་སོ་སོར་ལྡབ1.3དང་ལྡབ་1.0། 95.4% འཕར་ཡོད།

ཟླ8པར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་དྲུག་བྱེ་བ་གཅིག་ས་ཡ་བཞི་ལ་སླེབས་ཡོད་ཅིང་། དེ་དུས་མཚུངས་ལས6.1%འཕར་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།