
ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་དམངས་དྲག་ཆས་དམག་དཔུང་གི་ལས་དོན་སྔར་ལས་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་ཆེད། ཟླ9པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས་ཏང་གིས་དྲས་ཆས་དམག་དཔུང་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་མི་དམངས་དྲག་ཆས་དམག་དཔུང་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་པར་འགྲེམ་བྱས།
ལག་བསྟར་བསམ་འཆར་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་གསར་པའི་མི་དམངས་དྲག་ཆས་དམག་དཔུང་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་དང་མི་དམངས་དྲག་ཆས་དམག་དཔུང་ལས་དོན་དོན་འཁྱོལ་ཁྲོད་གནས་པའི་འགལ་བ་དང་གནད་དོན་གཅིག་བསྡུས་བྱས་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་བྱ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རྩ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་བཅས་ལ་དམིགས་ནས་ཕྱོགས་གསུམ་ཐད་ཀྱི་ལག་བསྟར་བསམ་འཆར་ཉེར་དྲུག་བཏོན་ཡོད།
ལག་བསྟར་བསམ་འཆར་ནང་། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་ཀྱི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་ལས་འགན་གཏན་འཁེལ་གསལ་བོ་བྱེད་པ། དམངས་ཡོངས་ཀྱི་རྒྱལ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་ཁག་གིས་རང་རྟོགས་སྒོས་རྒྱལ་སྲུང་འོས་འགན་དང་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དམག་འཐབ་གྲ་སྒྲིག་དང་དམག་དོན་དགོས་མཁོའི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ། བྱེ་བྲག་གི་ལས་དོན་བཅུ་བཞི་དམ་འཛིན་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དམག་དོན་སྟོབས་ཤུགས་ཆེན་པོ་སྦྱོང་བརྡར་བྱེད་དགོས། རྩ་བའི་ལམ་ལུགས་དོན་འཁྱོལ་དང་དཔྱད་ཞིབ་ཚད་གཞི་གཏན་འཁེལ་གསལ་བོ་བྱས་ནས། ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་བྱེད་པའི་བྱ་བའི་དཔྱད་ཞིབ་དེ་རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་དང་ཕྱོགས་བསྡུས་དཔྱད་ཞིབ། སྐོར་ཞིབ་སོགས་ཀྱི་ཁྱབ་ཁོངས་སུ་བཞག་སྟེ་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་པ་སོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་མི་དམངས་དྲག་ཆས་དམག་དཔུང་ལས་དོན་གྱི་ལམ་ལུགས་སོ་སོ་དོན་འཁྱོལ་བྱེད་པར་ནུས་ཡོད་ཀྱི་སྲིད་ཇུས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།