ཐེམ་ཆེན་རྫོང་གིས“ཁུར་པོ་ཇེ་ཡང་དུ་གཏོང་བའི”ལས་སྒོར་དཔྱད་ཞིབ་བྱས་ནས་གཞི་རིམ་ལ་ཕན་འབྲས་ཐོན་པར་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་གཞི་རིམ་གྱི་དཔྱད་ཞིབ་ཁུ་བསྡུ་དང་ཇེ་ལེགས་སུ་གཏོང་རྒྱུ་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུགས་ལེན་ཡང་དག་དང་དངོས་སུ་རྒྱུགས་ལེན་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་མུ་མཐུད་འཚོལ་ཞིབ་བྱས་ནས། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ཡོད།

ཟླ9པའི་ཟླ་དཀྱིལ་དུ། རྫོང་ཡོངས་སུ་སྤེལ་བའི་དཔྱད་ཞིབ་ལས་རིམ་སྣ་ཚོགས་ཕྱོགས་ཡོངས་ནས་ཞིབ་དཔྱད་དང་ལེགས་སྒྲིག་བྱས་ཏེ། རྙོག་འཛིང་གི་ཆ་སྟབས་བདེ་རུ་གཏོང་བ་དང་རགས་མོ་སེལ་ནས་སྤུས་ལེགས་ཅན་དུ་གཏོང་བ། ཁུལ་གྱིས་རྫོང་ལ་དཔྱད་ཞིབ་བྱེད་པའི་ལས་འགན་ལྕི་མོ་དང་། རྫོང་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ལས་གཞི་གལ་ཆེན་གྱི་དམིགས་འབེན་གཙོ་གནད་དུ་བཟུང་ནས་སོར་འཇོག་བྱས།  2025ལོའི་འགོ་ཁྲིད་ཚན་ཁག་གི་དམིགས་འབེན་དཔྱད་ཞིབ་དམིགས་ཚད་ལྟར། དཔྱད་ཞིབ་ལས་རིམ་གཅིག་ལ་ཆེས་མང་ན་ཆོས་ཉིད་ལྔ་ལས་མི་བརྒལ་བའི་རྩ་དོན་གཞིར་བཟུང་ནས། གནད་འགག་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་དཔྱད་ཞིབ་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་བཟོས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་དཔྱད་ཞིབ་དམིགས་ཚད216ནས21བར་ཁུ་བསྡུ་བྱས་པ་དང་། དམིགས་ཚད་ཇེ་ཉུང་དུ་བཏང་བའི་བསྡུར་ཚད90.28%སླེབས་པར་བརྟེན། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་སྒོར་ཕན་འབྲས་ངེས་ཅན་ཐོབ། གཙང་བཤེར་ཚད་ལྡན་བྱས་རྗེས་ཀྱི་དཔྱད་ཞིབ་ལས་རིམ་རྨང་གཞིའི་སྒྲོམ་གཞིར་བྱས་ཏེ། ཐེམ་ཆེན་རྫོང་འགོ་ཁྲིད་ཚན་ཁག་གི་ལོ་ཧྲིལ་བོའི་དམིགས་འབེན་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་དངོས་སུ་བཙུགས་པ་དང་། ཆེད་དོན་དཔྱད་ཞིབ་སྣེ་ཁྲིད་ལས་ཁུངས་སོ་སོའི་མི་སྣས་གྲུབ་པའི་གཅིག་སྡུད་དཔྱད་ཞིབ་དཔུང་སྡེ་བཙུགས་ཏེ།“ཕྱོགས་མང་དཔྱད་ཞིབ”དེ་ཕྱོགས་བསྡུས་དཔྱད་ཞིབ་ཐེངས་གཅིག་ཏུ་བསྒྱུར་ཏེ། ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་གཅིག་ལ་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་ནས། དཔྱད་ཞིབ་ལས་ཀའི་ལས་ཆོད་མངོན་སུམ་མཐོར་འདེགས་བཏང་སྟེ། དཔྱད་ཞིབ་སྐུལ་སློང་ནུས་པ་ནུས་ལྡན་ངང་འདོན་སྤེལ་དང་འཕེལ་རྒྱས་ཀྱི་དྲང་ཕྱོགས་ཕན་འབྲས་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།