
ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི་ཉིས་སྟོང་ཉེར་ལྔ་ལོའི་ཁུ་ནུ་འཆད་ཁྲིད་ཆེན་མོ་ཐེངས་དགུ་པ་དྲ་ལམ་དུ་བསྡུས། ཀྲུང་གོ་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ཞིབ་འཇུག་ཚོགས་པའི་ཆེད་ཞུས་ཞིབ་འཇུག་པ་ཚའོ་ཅུན་ཝུའུ་ཡིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ནས་ཀྲུང་གོའི་དཔལ་འབྱོར་གྱི་ཐོད་བརྒལ་གཙོ་བོ་དང་འཕེལ་རྒྱས་འཆར་གཞི་ཞེས་པའི་ཆེད་དོན་འཆད་ཁྲིད་བྱས།
ཚའོ་ཅུན་ཝུའུ་ཡིས་འཕེལ་ཕྱོགས་གསལ་རྟོགས་དང་འགན་འཁྲིའི་ངེས་གནས། འཆར་འགོད་བཀོད་སྒྲིག་བཅས་ཕྱོགས་གསུམ་ལ་དམིགས་ནས། གོ་ལ་ཧྲིལ་བོའི་རྣམ་པ་བསྐྱར་སྐྲུན་དང་། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ཇུས་བརྡ་རྟགས། ཉེན་ཁ་དང་འགྲན་སློང་། མ་འོངས་པའི་འཆར་འགོད་སོགས་འཐབ་ཇུས་གཙོ་གནད། དེ་མིན་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་ལས་འཕྲད་པའི་གནོན་ཤུགས་ལ་ཁ་གཏད་འཇལ་བ་དང་། ཀྲུང་གོའི་དཔལ་འབྱོར་དང་ཐ་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་དང་ཐོད་བརྒལ་བྱེད་ས་ཇི་ལྟར་དམ་འཛིན་བྱེད་པ། ཉེན་ཁ་དང་འགྲན་སློང་། འདེགས་སྐྱོར་ཆ་རྐྱེན། རང་སྟེང་གི་དགེ་མཚན་སོགས་ཕྱོགས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་གཞི་ལ་འཆར་འགོད་བྱེད་པ་སོགས་ཀྱི་སྐོར་ནས་རྒྱས་བཤད་ཞིབ་མོ་བྱས། འཆད་ཁྲིད་ལ་རང་ཞིང་གི་ཏང་ཡོན་དང་ལས་བྱེད་པས་གདེང་འཇོག་ཆེན་པོ་ཐོབ། ཚང་མས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། སྔར་ལས་རང་རྟོགས་དང་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བ། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནན་མོ་འཇལ་བ། སྤུས་ཚད་མཐོ་བའི་སྣེ་ཁྲིད་མཁན་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་གཞི་འཆར་འགོད་བཟང་བོ་བྱེད་པར་རྨང་གཞི་བརྟན་པོ་འདིང་ངེས་ཡིན་ཞེས་བསྟན།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ལ་གཏོགས་པའི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ལས་བྱེད་པ་སོགས་མི་ཉིས་སྟོང་ཙམ་གྱིས་འཆད་ཁྲིད་ལ་བལྟས་ཤིང་ཉན།
ལྷ་མོ་ཚེ་རིང་གིས་བསྒྱུར།