གཅིག་སྒྲིལ་རྫོང་གི་ཐོན་རྫས་རྩ་ཆེན་དང་མགོ་ལོག་གནམ་གྲུ་ཐང་གཅིག་སྒྲིལ་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ཁང་གིས་ལས་གཉེར་བྱེད་འགོ་བརྩམས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ9པའི་ཚེས23ཉིན།   གཅིག་སྒྲིལ་རྫོང་གི་ཐོན་རྫས་རྩ་ཆེན་དང་མགོ་ལོག་གནམ་གྲུ་ཐང་གཅིག་སྒྲིལ་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ཁང་གི་སྒོ་ཕྱེ་ནས།   གཅིག་སྒྲིལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་རྫས་མང་པོ་འགྲེམས་སྟོན་བྱས།

གཅིག་སྒྲིལ་རྫོང་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་ལས་གཞི་བརྒྱ་དང་བདུན་ཡོད་པ་དང་།   བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལག་ཤེས་བཟོ་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཤིང་།   སྤུས་དག་གི་བརྩམས་ཆོས་རེ་རེར་ས་གནས་དེའི་ལག་ཤེས་པའི་བློ་གྲོས་དང་བཟོ་རྩལ་འདུས་ཡོད།

གཅིག་སྒྲིལ་རྫོང་གི་ཐོན་རྫས་རྩ་ཆེན་དང་མགོ་ལོག་གནམ་གྲུ་ཐང་གཅིག་སྒྲིལ་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ཁང་དུ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་།   སྡེ་ཁག་སོ་སོ་ནས་བདམས་པའི་རིག་གནས་ཀྱི་རྫོངས་མཐུག་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསར་གཏོད་བརྩམས་ཆོས་དང་།  རྡོ་བརྐོས་རི་མོ་དང་རྫ་ནག    ནོར་ཤ།   གྲོ་མ།   ཆུར་བའི་བཏུང་ཆུ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་མང་པོ་ཡོད་ལ།    སྤུས་ལེགས་ཀྱི་ཐོན་རྫས་རེ་རེས་ཡུལ་སྐོར་པ་རྣམས་ཀྱིས་གཅིག་སྒྲིལ་རྫོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་ཐུབ་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   གཅིག་སྒྲིལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ཁང་གིས་གཅིག་སྒྲིལ་གྱི་སྣང་བརྙན་དང་ཁྱད་ལྡན་ཐོན་རྫས་ཀྱི་འགུག་ཤུགས་མངོན་པར་བྱས་པ་མ་ཟད།    མགོ་ལོག་ཁུལ་གྱི་ཞིང་ལས་དང་ལུས་རྩལ།   རིག་གནས།  ཡུལ་སྐོར།   ཚོང་ལས་བཅས་མཉམ་བསྲེས་འཕེལ་རྒྱས་ཀྱི་གསར་གཏོད་ལག་ལེན་ལ་སྐུལ་འདེད་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།