སློབ་གསོའི་ཁྱབ་ཁོངས་ཀྱི་དམིགས་འབེན་ལས་འགན་སོ་སོ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

 རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས23ཉིན“སྤུས་ཚད་མཐོ་བའི་ངང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་བརྗོད་དོན་བྱས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་།  སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་སློབ་གསོའི་ཁྱབ་ཁོངས་ཀྱི་དམིགས་ཚད་ལས་འགན་སོ་སོ་ཕྱོགས་ཡོངས་དང་་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་བ་མཚམས་སྦྱོར་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་པར་ཐོད་བརྒལ་གསར་བ་བྱུང་ཞིང་།  མི་སྣ་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ཀྱི་མི་སྣ་སྐྱེད་སྲིང་མ་ལག་གྲུབ་ཡོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གཞི་གཅིག་ཅན་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་མཉམ་དུ་སྐྱེད་སྲིང་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ནས། སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།  བདེ་ཐང་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། སློབ་གྲྭ་ཆུང་འབྲིང་གི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་ཆུ་ཚོད་གཉིས་ཡིན་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་།  ས་གནས་སོ་སོས་སློབ་གསེང་གི་སྐར་མ15ཡོངས་ཁྱབ་ཏུ་འཚོལ་ཞིབ་དང་ལག་བསྟར་བྱས་ནས། “ལུས་ན་རྔུལ་ཆུ་ཡོད་པ་དང་། མིག་མདངས་ལ་འོད་ལྡན་པའི་སྣང་ཚུལ་དེ་རིམ་བཞིན་མངོན་འགྱུར་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཀུན་ཕན་སྤུས་ལེགས་སློབ་གསོའི་སྤྱི་པའི་ཞབས་ཞུར་ཐོད་བརྒལ་གསར་པ་བྱུང་ཡོད། ཀྲུང་གོས་གཞི་ཁྱོན་ཆེ་ཤོས་དང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་ཟིན་ལ། སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད92%ལ་སླེབས་པ་དང་། ད་ལོའི་སློབ་སྔོན་ལོ་གཅིག་གི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ཀྱིས་བྱིས་པ་བྱེ་བ་གཅིག་ས་ཡ་གཉིས་ལ་ཕན་པ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་རྫོང་ཁོངས་ཉིས་སྟོང་བརྒྱད་བརྒྱ་དང་གོ་ལྔ་ལ་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད། རྫོང་གི་སློབ་འབྲིང་བཅོས་བསྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་སློབ་གཉེར་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་ཕྱིན་ཡོད། ཀྲུང་གོའི་རྨང་གཞིའི་སློབ་གསོ་དེ་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད། མཐོ་རིམ་སློབ་གསོ་དེ་འཛམ་གླིང་གིས་ཁས་ལེན་ཐོབ་པའི་ཁྱབ་གདལ་གྱི་དུས་རིམ་དུ་སླེབས་ཡོད།

སློབ་གསོ་པུའུ་ཡི་པུའུ་ཀྲང་། ཧོའེ་ཅིན་ཕེང་གིས་བཤད་རྒྱུར། ཉེ་བའི་ལོ་གཉིས་རིང་། ང་ཚོས་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་མ་སྤུས་དག་བསྡུ་བའི་རྒྱ་སྐྱེད་འཆར་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས། སློབ་མ་སྔར་ལས་མང་པོ་ཆུ་ཚད་མཐོ་བའི་སློབ་ཆེན་དུ་སླེབས་པར་བྱས་པར་མ་ཟད།  མུ་མཐུད་དུ་ཞིང་སྡེ་དང་དབུལ་ཐར་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མར་ཁ་ཕྱོགས་ནས་མཐོ་རིམ་སློབ་ཆེན་གཙོ་བོའི་ཆེད་དོན་སློབ་བསྡུའི་འཆར་གཞི་ལག་བསྟར་བྱས་ནས། རིམ་རྩིས་བྱས་ན་སློབ་མ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གསུམ་དང་སྟོང་ལྔ་བསྡུས་པ་དེས་ས་ཁོངས་དང་གྲོང་གསེབ་ཀྱི་སློབ་ཞུགས་གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད་བཏང་།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། སློབ་གསོའི་ཞབས་ཞུས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་ཐོད་བརྒལ་གསར་པ་བྱུང་ཡོད། མཐོ་རིམ་སློབ་གསོས་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་འཇོན་མི་བྱེ་བ་ལྔ་ས་ཡ་ལྔ་བཏང་བ་དང་། ལས་རིགས་སློབ་གསོས་དེང་རབས་ཐོན་ལས་ལ་བརྒྱ་ཆའི་བདུན་ཅུའི་ཡན་གྱི་བྱང་ཚད་མཐོ་བ་དང་རྩལ་ནུས་མཐོ་བའི་འཇོན་མི་འདོན་སྤྲོད་བྱས་ཡོད།  འཇོན་མི་འདོན་སྤྲོད་བཀོད་སྒྲིག་འོས་འཚམ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ཞིང་། སློབ་གསོ་པུའུ་ཡིས་ལོ་རེར་དགོས་མཁོ་ཆེ་བའི་རིག་ཚན་ཆེད་ལས་ཀྱི་གསལ་ཐོ་གསར་སྒྱུར་ཁྱབ་བསྒྲགས་བྱས་པ་དང་། 2023ལོ་ནས་བཟུང་། རིག་ཚན་ཆེད་ལས་ལེགས་སྒྲིག་བྱས་པའི་བསྡུར་ཚད20%ལས་བརྒལ། མཐོ་རིམ་སློབ་གྲྭས་ཚེ་སྲོག་ཚན་རིག་དང་། ཚད་རྡུལ་ཚན་རྩལ། མིས་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བླངས་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རིག་གནས་སྒྱུ་རྩལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་མངོན་གསལ་བླངས་ནས། རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་རྒྱུན་འཁྱོངས་བྱེད་པར་འཇོན་མིའི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཡོད།