ཐུན་རིན་གྲོང་ཁྱེར་གྱིས་གྲོང་ཚོར་སྡོད་པའི་ལས་བྱེད་པའི་རེས་མོས་བརྗེ་སྤོར་བྱ་བ་ཡོངས་འགྲུབ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཐུན་རིན་གྲོང་ཁྱེར་གྱི2025ལོའི་གྲོང་ཚོར་སྡོད་པའི་ལས་བྱེད་པ་ཡི་རེས་མོས་བརྗེ་སྤོར་ལས་དོན་ཡོངས་འགྲུབ་བྱས་པ་དང་། ཧྲུའུ་ཅི་དང་པོ་དང་ལས་བྱེད་མི་སྣ108ཚང་མ་ལས་གནས་སུ་ཐོན་ནས། དབུལ་ཐར་གྲོང་ཚོ27དང་གཙོ་གནད་རོགས་སྐྱོར་གྲོང་ཚོ6། དེ་བཞིན་གནས་སྤོར་གྲོང་ཚོ5བཅས་ལ་གནད་ལ་འཁེལ་བའི་སྒོ་ནས་ཁེབས་པར་བྱས་ཡོད་ཅིང་། གྲོང་ཚོར་སྡོད་པའི་རོགས་སྐྱོར་ལས་དོན་གྱིས་གེགས་མེད་ཁྱབ་པར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས་མི་སྒེར་གྱི་རེ་ཞུ་དང་ལས་ཁུངས་ཀྱི་ཐོག་མའི་ཞིབ་བཤེར། རྩ་འཛུགས་ཀྱི་བསྐྱར་ཞིབ་བཅས་རིམ་པ་གསུམ་གྱི་ཞིབ་བཤེར་ལག་བསྟར་བྱས་ནས། ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་གཞི་རིམ་གྱི་ལས་ཀའི་ནུས་པ་གཙོ་གནད་དུ་བཟུང་ནས་རྟོག་ཞིབ་བྱས།  གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཞན་པ་དང་ཏང་རྩ་འཛུགས་ཉམས་ཞན་ནུས་མེད་ཡིན་པ་སོགས་ཀྱི་ཞན་ཆ་དང་ཟུང་འབྲེལ་བྱས་ཏེ། སྡོད་འོས་ན་འདུག་པ་དང་བརྗེ་འོས་ན་བརྗེ་པའི” ལེགས་སྒྲིག་ལམ་སྲོལ་ཁྱབ་གདལ་བཏང་ནས། མི62གསར་དུ་བརྗེ་སྤོར་བྱས་པ་དང་མི46གི་ལས་གནས་སོར་འཇོག་བྱས་ལ། ལས་གནས་སོར་འཇོག་གི་ཚད42.6%ལ་སླེབས།

བན་དེ་སྐྱབས་ཀྱིས་བསྒྱུར།