
ཟླ9ཚེས26ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཕུལ་བྱུང་ཏང་འཛུགས་དཔེ་གཞི་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་བསྡུས་ནས། ཉམས་མྱོང་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པ་བརྒྱུད་དེ་ཏང་འཛུགས་དང་འདྲི་གཅོད་ལག་བསྟར་བྱ་བ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཏང་འཛུགས་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།
ཐེངས་འདིའི་འོས་སྦྱོར་ཚོགས་འདུས་ཏང་འཛུགས་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཁྲིམས་ཁང་གི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བརྗོད་བྱ་གཙོ་བོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་དཔེ་གཞི27ཁྲོད་ཕུལ་བྱུང་ཏང་འཛུགས་དཔེ་གཞི5བསལ་ནས་ཐུན་མོང་འགྲེམས་སྟོན་བྱས། ཚོགས་འདུའི་སྟེང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཧོང་ཀྲུང་ཆུས་མི་དམངས་ཁྲིམས་ཁང་། ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་། མདའ་བཞི་རྫོང་མི་དམངས་ཁྲིམས་ཁང་བཅས་ཏང་ཀྲི་པུའུ་ལྔ་ཡི་འཐུས་མིས་འདྲ་པར་དང་ཡི་གེ་འགྲེམས་སྟོན་དང་། བརྙན་ཐུང་སོགས་ཀྱི་རྣམ་པ་བརྒྱུད་དེ་དཔེ་གཞིའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བརྗོད་བྱས་པས། མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་མ་ལག་གིས་ཏང་འཛུགས་ཀྱིས་ཁྲིད་སྟོན་བྱེད་པ་དང་། འདྲི་གཅོད་ལག་བསྟར་དཀྱིལ་སྙིང་ཡིན་པའི་བྱ་བ་སོ་སོར་སྐུལ་འདེད་གཏོང་བའི་སྤུས་འདེགས་ནུས་འཕར་གྱི་གསར་སྐྲུན་ལག་ལེན་དང་གྲུབ་འབྲས་ཆེན་པོ་གང་ལེགས་སྒོས་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ཏང་འཛུགས་བྱ་བ་དང་འདྲི་གཅོད་ལག་བསྟར་གྱི་ལས་རིགས་གཙོ་བོར་ཟུང་འབྲེལ་དམ་ཟབ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་མ་ལག་གིས་རང་ངོས་གནས་ཚུལ་དང་འཚམ་པའི་ཏང་འཛུགས་ལས་སྒོ་མཉམ་འདྲེས་བགྲོད་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཁྱད་ལྡན་མངོན་གསལ་གྱི་ཏང་འཛུགས་སྤུས་རྟགས་སྐོར་ཞིག་བྱུང་བ་དང་། ཏང་འཛུགས་དང་འདྲི་གཅོད་ལག་བསྟར། དཔུང་སྡེ་འཛུགས་སྐྲུན། མང་ཚོགས་ལ་ཞབས་འདེགས་ཞུ་བ་ཕན་ཚུན་ཟུང་འབྲེལ་བྱེད་པ་སོགས་ཕྱོགས་མང་པོར་ཁྱབ་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དཔུང་སྡེའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་བྱང་ཚད། ལས་རིགས་ཀུན་སྤྱོད་བྱང་ཚད་བཅས་སྔར་ལས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་།
ཤ་བོ་གསེར་མཚོས་བསྒྱུར།