
ཟླ9བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རྩལ་སློབ་གླིང་གིས། འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་ཆོད་ཡིག་དང“ཐེན་ཅིན་དང་མཚོ་སྔོན་གྱི་ཞིང་ལས་ཐོན་ལས་ཆེད་མཁས་ལས་སྒྲུབ་ས་ཚིགས”ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ། དེས་ས་གནས་གཉིས་ཀྱི་ཞིང་ལས་དང་ཚན་རྩལ་མཉམ་ལས་དེ་མཐུན་སྦྱོར་གསར་གཏོད་དང་ཐུན་མོང་འཕེལ་རྒྱས་ཀྱི་རིམ་པ་གསར་བར་ཐོན།
ཉེ་བའི་ལོ་འགའི་རིང་། ཐེན་ཅིན་གྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་སྐུལ་འདེད་འོག ཐེན་ཅིན་དང་མཚོ་སྔོན་གྱིས་མཉམ་དུ་ཚན་རྩལ་ཞིབ་འཇུག་སྤྱི་སྟེགས་དང་། ཚན་རྩལ་འགག་སྒྲོལ། འཇོན་མི་གསོ་སྐྱོང་། ཐོན་ལས་རྣམ་གྲངས་ཀྱི་སྦྲེལ་མཐུད་སོགས་ཀྱི་ཕྱོགས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས། ཤུགས་ཆེན་པོས་རྨ་ལྷོ་ཁུལ་ཞིང་ལས་འཕེལ་རྒྱས་དེ་ཐོན་ལས་ནས་ཐོན་ལས་སྦྲེལ་ཐག་དང་། ཐོན་ལས་ནས་ཐོན་ལས་མ་ལག་གི་རིམ་འཕར་མཆོང་སྐྱོད་དུ་མངོན་འགྱུར་བྱས། ཐེངས་འདིའི་མཉམ་ལས་གྲོས་མཐུན་བཞག་པ་དང་ཆེད་མཁས་ལས་སྒྲུབ་ས་ཚིགས་བཙུགས་པ་ནི། མཚོ་སྔོན་རོགས་སྐྱོར་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་བའི་གནད་འགག་ཅིག་ཡིན་ལ། ཐེན་ཅིན་དང་མཚོ་སྔོན་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཞིང་ལས་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བསྐྲུན་པར་རོགས་འདེགས་བྱས།
མཛད་སྒོའི་སྟེང་། ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱིས་ཕྱོགས་མི་འདྲ་བ་གསུམ་གྱི་གཏིང་ཟབ་མཉམ་ལས་ལ་གྲོས་མཐུན་བཀོད། ཐུན་མོང་གིས་ཞིང་ལས་ཚན་རྩལ་མཐུན་སྦྱོར་གྱི་གསར་གཏོད་སྤྱི་སྟེགས་བསྐྲུན་པ་དང་། ཚན་རྩལ་གྲུབ་འབྲས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དེ་དང་མཉམ་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་བ་གསོ་སྐྱོང་བྱེད་པ། རྨ་ལྷོ་ཁུལ་གྱིས་ཞིང་ཁུལ་གྱི་ཐོན་དབང་ཉོ་ཚོང་གི་ཁྲོམ་ར་འཐུས་ཚང་གཏོང་བར་གཞོགས་འདེགས་བྱེད་པ་དང་། རྨ་ལྷོའི་ཁྱད་ཆོས་ལྡན་པའི་མཚོ་སྔོན་ཞིང་ཆེན་ཞིང་ལས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་དཔེ་སྟོན་བཟོ་སྐྲུན་བསྐྲུན་པ། ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ་རྨ་ལྷོ་ཁུལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་པེ་ཅིང་དང་ཐེན་ཅིན་གྱི་ཁྲོམ་རར་བསྐྱོད་པར་གཞོགས་འདེགས་བྱེད་པ་དང་། ལྗང་མདོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཡུལ་བསྐྲུན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།