ལྷ་གྲུ་ཉི་ཤུ་པའི་མཁའ་སྐྱོད་པས་བར་སྣང་དུ་མེས་རྒྱལ་ལ་རྟེན་འབྲེལ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

སྐར་ཚོགས་དཔང་དུ་བཞག་ནས། རྒྱལ་ཁབ་དང་ཕུགས་འདུན་གཅིག་པ་མཚོན། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། སའི་གོ་ལ་དང་བར་ཐག་ཧ་ལམ་སྤྱི་ལེ400ཡོད་པའི་ཀྲུང་གོའི་བར་སྣང་ས་ཚིགས་སུ། ལྷ་གྲུ་ཉི་ཤུ་པའི་མཁའ་སྐྱོད་ཚོ་ཆུང་གིས་མེས་རྒྱལ་དང་མི་དམངས་ལ་སྨོན་འདུན་ཞུས།

མཁའ་སྐྱོད་པ་ཁྲིན་ཏུང་གིས་བཤད་རྒྱུར། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་གྲུ་ཁང་གསུམ་པའིTདབྱིབས་ཀྱི་འཁོར་ལམ་སྒྲིག་སྦྱོར་ལེགས་འགྲུབ་ཁྲོད་དངོས་སུ་ཞུགས་པ་ནས། ད་ལྟའི་བར་སྣང་ས་ཚིགས་ཀྱིས་སྤྱོད་པའི་འཕེལ་རྒྱས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ། རྒྱལ་ཡོངས་མི་དམངས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།

མཁའ་སྐྱོད་པ་ཁྲིན་ཀྲུང་རུའེ་ཡིས་བཤད་རྒྱུར། གྲུ་ཚང་ནས་སྒོར་འབུད་པའི་བྱེད་སྒོ་ཐེངས་བཞི་བ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས། བར་སྣང་དུ་མེས་རྒྱལ་གྱི་ས་གཞི་ཆེན་པོར་རྒྱང་ལྟ་བྱས་པས། སེམས་སུ་སྤོབས་སེམས་དང་གཟི་བརྗིད་ཀྱིས་ཁེངས་ཡོད།

མཁའ་སྐྱོད་པ་ཝང་ཅེ་ཡིས་བཤད་རྒྱུར། རྗེས་མར། ང་ཚོས་མུ་མཐུད་དུ་ཚན་རིག་ཚོད་ལྟ་ཁག་ལེགས་སྒྲུབ་བྱས་ཏེ། ལྷ་གྲུ་ཁྱིམ་རྒྱུད་ཀྱི་བར་སྣང་མཐུད་རྒྱུག་ཁྲོད་ང་ཚོར་དབང་བའི་དབྱུག་པ་དེ་ལེགས་པོར་སྤྲོད་རྒྱུ་ཡིན།

ལྷ་གྲུ་ཉི་ཤུ་པའི་མཁའ་སྐྱོད་ཚོ་ཆུང་གིས་ང་ཚོས་ཀྲུང་གོའི་བར་སྣང་ས་ཚིགས་ནས་རླབས་ཆེན་གྱི་མེས་རྒྱལ་རྒྱལ་བདེ་དམངས་སྐྱིད་ཡོང་བ་དང་དར་རྒྱས་གོང་འཕེལ་འགྲོ་བའི་སྨོན་འདུན་ཞུ། ཀྲུང་གོ་ང་ཁྱོད་ལ་དགའ།