
ཉེ་ལམ། གསར་འགོད་པས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྫོང་ཞེ་ལྔའི་ཉིས་སྟོང་ཉེར་བཞི་ལོའི་རྒྱལ་ཁོངས་སྒྱུར་བཀོད་བརྟག་དཔྱད་གྲུབ་འབྲས་དེ་རང་བྱུང་ཐོན་ཁུངས་པུའུ་ཡི་ཞིབ་བཤེར་བརྒྱུད་དེ་ཟླ9པའི་ཚེས16ཉིན་དངོས་སུ་སྤྱོད་འགོ་བརྩམས།
གྲུབ་འབྲས་དེ་ནི་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཁོངས་སྒྱུར་བཀོད་བརྟག་དཔྱད་དང་ཉིས་སྟོང་ཉེར་བཞི་ལོའི་རྒྱལ་ཁོངས་སྒྱུར་བཀོད་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་། 2024ལོའི་ཟླ12པའི་ཚེས31ཉིན་ཚད་གཞིའི་དུས་མཚམས་སུ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་གཙོ་གཞིའི་སྡེ་ཁག་དང་ལག་རྩལ་འདེགས་སྐྱོར་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། ལོ་ཧྲིལ་བོའི་ས་ཞིང་བེད་སྤྱོད་གནས་བབ་འགྱུར་ལྡོག་གི་གནས་ཚུལ་ཤེས་རྟོགས་བྱས་རྗེས་གྲུབ་པའི་ཞིང་ཆེན་ཡོངས་ལ་ཁེབས་པ་དང་གཅིག་གྱུར་ཚད་ལྡན། དངོས་གཉེར་ཡང་དག་བཅས་ཀྱི་ཆེས་གསར་པའི་ས་ཞིང་བེད་སྤྱོད་གནས་ཚུལ་ཀྱི་རྨང་གཞིའི་གཞི་གྲངས་ཡིན། བརྟག་དཔྱད་གྲུབ་འབྲས་ལ་གཙོ་བོ་བརླན་ས་དང་རྨོ་ཞིང་། ནགས་ས། རྩྭ་ཐང་། འཛུགས་སྐྲུན་ས་ཆ། ཆུ་ཁོངས་སོགས་ཀྱི་རང་བྱུང་ཐོན་ཁུངས་གོ་གནས་དང་གྲངས་འབོར་སོགས་ཆ་འཕྲིན་འདུས་ཡོད་པ་དང་། རྫོང་སྡེ་ཁག་ཏུ་བྱས་ཡོད་ལ། གཞི་གྲངས་མཛོད་དང་བསྡོམས་རྩིས་རེའུ་མིག་གིས་མཚོན་པར་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་དགོས་མཁོར་གཞིགས་ནས་རེ་ལེན་བེད་སྤྱོད་བྱས་ཆོག་སྟེ། རང་བྱུང་ཐོན་ཁུངས་དོ་དམ་དང་རྨོ་ཞིང་སྲུང་སྐྱོབ། ནགས་རྩྭའི་ཐོན་ཁུངས་དོ་དམ། ཚད་གཞི་མཐོ་བའི་ཞིང་སའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་བྱ་བའི་ཁྲོད་བཀོལ་སྤྱོད་བྱེད་ཆོག་པ་དང་། གཞི་གྲངས་རེ་ལེན་ཐད་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་བརྟག་དཔྱད་གྲུབ་འབྲས་དོ་དམ་དང་བེད་སྤྱོད་བྱེད་ཐབས་ཀྱི་བླང་བྱ་དང་མཐུན་དགོས་ཤིང་། ལས་དོན་དབང་ཆའི་དབྱེ་བ་དང་ཟུང་འབྲེལ་བྱས་ནས་གཞི་གྲངས་ཁོངས་གཏོགས་ཀྱི་རང་བྱུང་ཐོན་ཁུངས་གཙོ་གཞིའི་སྡེ་ཁག་དུ་སྒྲུབ་ཆོག་ལ། རེ་ལེན་གྲུབ་འབྲས་རེའུ་མིག་སོགས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་གཞུང་ཕྱོགས་དྲ་ཚིགས་སུ་ཕབ་ལེན་བྱས་ཆོག
ལྷ་མོ་ཚེ་རིང་གིས་བསྒྱུར།