
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཕྱོགས་ཡོངས་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་བྱ་བའི་འབྲེལ་ཡོད་བླང་བྱ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་གནས་ལག་བསྟར་བྱ་ཆེད། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་དྲོད་འདོན་དང་བདེ་འཇགས་ཀྱིས་དགུན་སྐྱེལ་ཐུབ་པར་ཁག་ཐེག་བྱས། ཉིན་འགའི་སྔོན་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དགུན་ཁའི་དྲོད་འདོན་རོགས་སྐྱོབ་མ་དངུལ་བྱིན།
རྒྱུས་ལོན་པ་ལྟར་ན། ཟླ9པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་རེར་དྲོད་འདོན་གྱི་རོགས་དངུལ་སྒོར་སྟོང་གཅིག་རེ་བྱིན་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་ཞིང་སྡེའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་སྒོར་བརྒྱད་བརྒྱའི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་བྱིན་ལ། མཁར་གྲོང་གི་དཀའ་ཁག་ཡོད་པའི་མང་ཚོགས་ལ2025ལོའི་དགུན་ཁའི་དྲོད་འདོན་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཉིས་བྱིན་པ་དང་། མཁར་གྲོང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་བཞི་བརྒྱར་ཕན་ཁེ་ཐོབ། ཟླ་དགུ་པའི་ཟླ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་དྲོད་འདོན་རོགས་སྐྱོབ་མ་དངུལ་སྟེར་བའི་བྱ་བ་ཡོངས་འགྲུབ་བྱས་པ་མ་ཟད། ས་གནས་སོ་སོས་དྲོད་འདོན་རོགས་སྐྱོབ་བྱས་རྗེས་སྔར་བཞིན་དཀའ་ཁག་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་ལག་བསྟར་བྱས་ཏེ་ཐག་གཅོད་བྱེད་དགོས།
མཚོ་སྔོན་ཞིང་ཆེན་གྱིས2017ལོར་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་ནས་བཟུང་། རིམ་རྩིས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་དྲོད་འདོན་རོགས་སྐྱོབ་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་གཉིས་བྱིན།
ཤ་བོ་རིན་མཚོས་བསྒྱུར།