
ཐེངས་འདིའི་གུང་གསེང་ལ། ས་གནས་སོ་སོར་བྱེད་སྒོ་ཕུན་སུམ་ཚོགས་ཤིང་། མི་རྣམས་ཀྱིས་གུང་གསེང་གི་བདེ་སྐྱིད་འཚོ་བ་ཉམས་སུ་མྱངས།
ཁྱད་ཆོས་ལྡན་པའི་རིག་གནས་ལུས་རྩལ་བྱེད་སྒོ་རབ་དང་རིམ་པས་གུང་གསེང་གི་སྤྲོ་སེམས་མུ་མཐུད་དུ་འཕེལ་བར་བྱས། ཚེས་གསུམ་ཉིན་གྱི་ཕྱི་དྲོར། 2025ལོའི་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་བུད་མེད་ཁེར་འགྲན་བཞི་ཆའི་གཅིག་གི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་སླེབས་པ་དང་འཛམ་གླིང་གི་རྩེར་སོན་སྤོ་ལོ་རྒྱག་མཁན་མང་པོས་ཛ་དྲག་གི་འགྲན་བསྡུར་བྱས་ནས། ཡུལ་དངོས་ཚ་ཚ་འུར་འུར་གྱིས་ཁེངས། དེ་དང་ཆབས་ཅིག་ཏུ་ཉིན་འདི་དག་ལ། རྒྱལ་སའི་ངར་ལྕགས་གླིང་གི་ཕིང་ཕང་སྤོ་ལོའི་འགྲན་ར་རུ་མི་ཚོགས་ཆེ་ལ། སྤ་སེའི་ཕྱིར་ཚོང་ཐད་ནས་ཚེས་གསུམ་བར་ཀྲུང་གོའི་ཝང་ཆིའུ་སྤོ་ལོར་བྱེ་བ་བརྒྱད་ས་ཡ་བརྒྱད་ལ་བསླེབས་པ་དང་ཕིང་ཕང་སྤོ་ལོར་བྱེ་བ་བརྒྱད་ས་ཡ་དྲུག་ལ་བསླེབས་ནས་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།
གུང་གསེང་འདིར་ཀྲེ་ཅང་དུ་གྲོང་ཁྱེར་གྱི་ལག་རྩེད་སྤོ་ལོའི་མཉམ་འགྲན་ཐེངས20ཙམ་སྤྲོ་སེམས་འཁོལ་བའི་ངང་སྤེལ། ཀྲེ་ཅང་གི་ས་གནས་སོ་སོས་འགྲན་བསྡུར་ལ་བརྟེན་ནས། “སྤ་སེའི་ཉར་འཛིན་དཔལ་འབྱོར”ལག་བསྟར་བྱས་ཏེ། “ལུས་རྩལ་དང་། རིག་གནས། ཡུལ་སྐོར། ཚོང་ལས”བཅས་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་མི་ཡུལ་སྐོར་བ་ཉིན་མོར་མཛེས་ལྗོངས་ཁུལ་དང་དགོང་མོར་འགྲན་བསྡུར་ལ་ལྟ་བ་མ་ཟད། ད་དུང་ཟས་མཆོག་བཟས་ཏེ་གུང་གསེང་སྐབས་ཀྱི་འཛད་སྤྱོད་ཀྱི་སྦས་ཤུགས་སྔར་ལས་ཆེ་རུ་གཏོང་ཐུབ།
ནང་སོག་ཨ་ལ་ཧྲན་བྱེ་ཐང་དུ། ཆེད་ལས་རླངས་འཁོར་འགྲན་བསྡུར་གྱི་ངར་ཤུགས་ཚོར་ཐུབ་ལ། ཧྲན་ཏུང་ཝེ་ཧའེ་རུ་མཚོ་ཐོག་འགུལ་སྐྱོད་ཀྱི་གསོན་ཤུགས་ཉམས་སུ་མྱང་ཆོག སི་ཁྲོན་ཁྲིན་ཏུའུ་རུ་བདམས་ཐོན་པ200ལྷག་ལྷོ་གཙང་པོའི་ངོགས་གཉིས་སུ་འཛོམས་ནས་གྲུ་གཟིངས་འགྲན་སྡུར་བྱེད་ཀྱིན་ཡོད་ལ། ཚང་མའི་ངར་ཤུགས་འཕེལ་བ་དང་ཆབས་ཅིག ད་དུང་ཕ་བུའི་ཀོ་གྲུ་དང་། ཤིང་ལེབ་སོགས་ཆུ་ཐོག་ལུས་རྩལ་ཉམས་ལེན་བྱེད་ཐུབ། ཞ་མིན་གྲོང་ཁྱེར་ཀུའུ་ལང་ཡུས་སུ། རྩེར་སོན་རོལ་དབྱངས་འདུ་ཚོགས་དང་། སྤྱི་ཕན་སློབ་དཔོན་འཛིན་གྲྭ། མཉམ་སྤྱོད་རྣོ་སྦྲེང་སོགས་བྱེད་སྒོ80ལྷག་ཙམ་སྤེལ་ནས། གྲོང་མི་དང་ཡུལ་སྐོར་བར་འགྲོ་ཞོར་དུ་འགྱུར་ཁུག་སྙན་མོ་མྱངས་སུ་བཅུག
སྟོན་ཟླ་བཅུ་པར་ཞིང་སྡེ་རུ་བསྐྱོད་དེ། ལོ་ལེགས་ཀྱི་སྤྲོ་སྣང་ཉམས་སུ་མྱངས། ཅང་སུའུ་ཧྥུ་ཉིན་དུ། མི་རྣམས་ཀྱིས་ཉི་མ་མེ་ཏོག་ལྡུམ་ར་རུ་ཉི་མ་མེ་ཏོག་བསྡུས་ནས་ཞིང་ནང་གི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད། ཀོང་ཞི་ཧྥུ་ཁྲོན་དུ་མེ་ཏོག་རྣམ་པར་བཞད་ཅིང་། མི་རྣམས་ཀྱིས་མེ་ཏོག་གི་རྒྱ་མཚོའི་ནང་དུ་དགའ་སྤྲོའི་གུང་གསེང་གཏོང་བཞིན་ཡོད།
ས་གནས་གསར་པ་སྐོར་ཞིག་ཀྱང་མི་རྣམས་ཀྱི་གོང་གསེང་རོལ་གནས་གསར་པར་གྱུར་ཡོད། ཅི་ལིན་གྲོང་ཁྱེར་དུ་རླངས་འཁོར་གཏོང་མགོ་བརྩམས་མ་ཐག་པའི་ཧོང་ཆི་ཟམ་ཆེན་གྱིས་གྲོང་མི་མང་པོ་ཞིག་གི་ཡིད་དབང་བཀུག
གུང་གསེང་སྐབས་སུ་འཛམ་གླིང་གི་མཐོ་ཚད་ཨང་དང་པོའི་ཟམ་ཆེན་ཧྭ་ཅང་གཙང་པོའི་གྲོག་རོང་ཟམ་ཆེན་གྱིས་ཆ་སྙོམས་ཀྱི་ཉིན་རེར་ཡུལ་སྐོར་བ་མི་ཐེངས་ཁྲི1ལྷག་བསུས་ནས། ཡུལ་སྐོར་བ་ཚོས་བར་སྣང་མཐོན་པོར་འཐེན་པའི་ཟམ་པའི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་ཡོད།
ཡུལ་སྐོར་བ་ལིའུ་ཨེར་ཅུས་ཀྱིས་བཤད་རྒྱུར། ཧ་ལས་སོང་། སེམས་གཏིང་ནས་རང་རེའི་རྒྱལ་ཁབ་ལ་ང་རྒྱལ་སྐྱེས་བ་ཞིག་རེད་ཟེར།