
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཀུའེ་ཀྲོའུ་དང་ཡུན་ནན་གྱིས་ཡུལ་བབ་དང་བསྟུན་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་བསྩོལ་བར་འཚོལ་ཞིབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས།
ཀུའེ་ཀྲོའུ་ཡིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ཀུའེ་ཀྲོའུ་ཡིས་ཐོན་ལས་དང་ལས་གཞི། ཚོང་འགུག་བཅས་དམ་འཛིན་རྒྱུན་འཁྱོངས་བྱས་ནས། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྔར་ལས་སྐུལ་འདེད་གཏོང་བར་དམིགས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས། མིག་སྔར། ཀུའེ་ཀྲོའུ་ཡིས་རྣམ་པ་གསར་པའི་ཕྱོགས་བསྡུས་ནུས་ཁུངས་རྟེན་གཞི་དང་། ནུས་ཁུངས་གསར་པའི་སྒུལ་ཤུགས་གློག་གཡིས། རྒྱུ་ཆའི་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་རྟེན་གཞི། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་རྩིས་ཤུགས་འགན་སྲུང་རྟེན་གཞི་སོགས“ཐོན་ལས་རྟེན་གཞི་ཆེན་མོ་དྲུག”མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས། སྒོར་ཁྲག་ཁྲིག་ལྔ་རིམ་པའི་ཐོན་ལས་ཁྱུ་ཚོགས་གསུམ་དང་སྒོར་ཁྲག་ཁྲིག་གསུམ་རིམ་པའི་ཐོན་ལས་ཁྱུ་ཚོགས་གསུམ་འགྲུབ་པར་འབད་པ་བྱེད་བཞིན་ཡོད། དུས་མཚུངས་སུ། ནུས་ཁུངས་གསར་པའི་གློག་གཡིས་རྒྱུ་ཆ་དང་། སྒུལ་ཤུགས་གློག་གཡིས། ནུས་ཁུངས་གསར་པའི་རླངས་འཁོར་བཅས་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། གློག་གཡིས་རིམ་པའི་མུ་ཟི་སྐྱུར་མཱན་སོགས་ནུས་ཁུངས་གསར་པའི་འབྲེལ་ཡོད་མ་བཅོས་རྒྱུ་ཆའི་ཐོན་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།
མི་ཐབས་རིག་ནུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཀུའེ་ཀྲོའུ་ཡིས་གཞི་གྲངས་དཔལ་འབྱོར་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ད་ལྟ། ཞིང་ཆེན་ཡོངས་ཀྱི་རྩིས་ཤུགས་གཞི་ཁྱོན་དེ་རྒྱལ་ཡོངས་ཀྱི་རིག་རྩིས་ཐོན་ཁུངས་མང་ཤོས་དང་། ནུས་པ་ཆེ་ཤོས་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད་ལ། ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རིག་གསར་གཏོད་མཁར་གྲོང་དུ་གཅིག་སྡུད་ཁེ་ལས1300ལྷག་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕར་ཚད་ལོ9ལ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། བཟོ་ལས་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་པར་བྱས་རྗེས་བཞག་ཚད17.1%ནས་36.7%བར་ཇེ་མཐོ་རུ་སོང་ནས། ཀུའེ་ཀྲོའུ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་དུ་གྱུར།
ཀུའེ་ཀྲོའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཆིན་དབྱང་ཡོན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ཀུའེ་ཀྲོའུ་ཡིས་གཙོ་གནད་ཐོན་ལས་ཁྱུ་ཚོགས་དམིགས་འབེན་དུ་བྱས་ཏེ། ཀུའེ་ཀྲོའུ་ཡི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྒྲིག་གཞིའི་ཁྲོད་གོ་གནས་གལ་ཆེན་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་མ་ལག་གསར་འཛུགས་བྱ་རྒྱུ་ཡིན་ལ། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀུའེ་ཀྲོའུ་ཡིས་བྱས་རྗེས་འཇོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀུའེ་ཀྲོའུ་ཡི་མཚར་ཉམས་མངོན་རྒྱུ་ཡིན་ཟེར།
ཡུན་ནན་གྱིས་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཡུན་ནན་གྱིས་ཐུན་མིན་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་ཚུགས་ནས་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་གསོན་ཤུགས་གསར་པ་བསྩལ།
རྒྱལ་སྟོན་གུང་གསེང་གི་སྐབས་སུ། ཆུས་ཅིན་ཐུའུ་ཀྭ་ཁྲུང་སྡེ་བས་ཉིན་རེར་ཡུལ་སྐོར་བ་ཆིག་སྟོང་ལྷག་བསུ་བཞིན་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་། སྡེ་བས་བེད་མེད་དུ་ལུས་པའི་སྡོད་ཁང་རྙིང་པ་དམངས་ཤག་ཏུ་བསྒྱུར་བཀོད་བྱས་ནས་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད། དེའི་ཁར“སྒོ་ཕྱེས་ན་ཞིང་ར་མཐོང་ཐུབ་པའི”ཉམས་ལེན་སྐྱིད་པོ་ཡོད་པས། ས་གནས་སོ་སོ་ནས་ཡོང་བའི་འགྲུལ་པས་ཁེངས་འདུག
ཐུའུ་ཀྭ་ཁྲུང་སྡེ་བའི་འཕེལ་རྒྱས་ནི་ཡུན་ནན་གྱི་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བསྡུས་གཟུགས་ལྟ་བུ་ཡིན། ཉེ་བའི་ལོ་འགའི་རིང་ཡུན་ནན་གྱིས་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་ཞིང་། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཟབ་སྤེལ་དང་། བེད་མེད་དུ་བསྐྱུར་བའི་ཁང་པའི་ཐོན་ཁུངས་དག་ཁམས་གསོ་བདེ་ཐང་དང་། རིག་གནས་ལུས་རྩལ། ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ལས་རྣམ་གསར་པ་རྒྱ་སྐྱེད་བཏང་ནས། ཞིང་འབྲེལ་ཞིང་ཁྲིད་དམ་ཟབ་བྱེད་པའི་ཡུལ་སྐོར་ལས་གཉེར་བྱེད་པོ་གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་ཀྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མུ་མཐུད་དུ་མེ་ཏོག་དང་འཚིག་ཇ། ཨ་བུ་ཁ་ལྡོ་སོགས་ཁྱད་ལྡན་ཐོན་ལས་ཇེ་སྟོབས་སུ་བཏང་སྟེ། ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་། མིག་སྔར། ཡུན་ནན་ཞིང་ཆེན་ཡོངས་སུ་གྲོང་གསེབ་ཡུལ་སྐོར་གྱི་ལས་ཞུགས་པ་ས་ཡ་དྲུག་ལས་བརྒལ་ཡོད་ལ། མང་ཚོགས་སྔར་ལས་མང་པོས་སྒོ་འགྲམ་དུ“ཡུལ་སྐོར་ཡོང་འབབ”རེག་ཐུབ་ཡོད། ན་ནིང་ཡུན་ནན་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་བདུན་སྟོང་བཞི་བརྒྱ་ལྔ་བཅུ་ཟིན་པ་དེ་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་འཕར་ཡོད།
ཡུན་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲུན་ཁོན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་བྱས་ན། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ“ཡུན་ནན་དུ་གནས་སྡོད་བྱེད་པའི”མིང་བྱང་དེ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་འདེད་གཏོང་རྒྱུ་ཡིན།