
གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཚེས་ལྔ་ཉིན། སྔོན་དཔག་ལྟར་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣའི་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་དགུ་ལས་བརྒལ་བ་དང་། དེ་ན་ནིང་གི་དུས་མཉམ་ལས6.3%འཕར་ཡོད། ཟླ9བའི་ཚེས29ཉིན་ནས་ཟླ10ཚེས4ཉིན་བར། གུང་གསེབ་སྐབས་ལྕགས་ལམ་གྱི་འགྲུལ་སྐྱེལ་ཚད་བསྡོམས་པས་མི་ཐེངས་དུང་ཕྱུར་གཅིག་ལས་བརྒལ་བ་དང་། སྐྱེལ་འདྲེན་བདེ་འཇགས་ཡིན་ཞིང་བརྟན་བརླིང་ཡིན་ལ། གོ་རིམ་ལྡན། ཚེས་ལྔ་ཉིན། ལྕགས་ལམ་གྱི་འགྲུལ་རྒྱུན་མུ་མཐུད་དུ་ཧ་ཅང་མང་ལ། ཐག་ཉེ་འབྲིང་གི་འགྲུལ་རྒྱུན་མུ་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལྕགས་ལམ་སྡེ་ཁག་གིས་དུས་ལྟར་འགྲུལ་པ་མང་པོའི་ཕྱོགས་ཀྱི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཕན་ཞབས་ཞུ་མཁོ་འདོན་བྱས། གཞུང་ལམ་མི་སྣའི་འགྲོ་འོང་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་བདུན་ས་ཡ་བདུན་ལས་བརྒལ་ཞིང་། དེ་ན་ནིང་གི་དུས་མཉམ་ལས6.9%འཕར་ཡོད། གཞུང་ལམ་གྱི་འགྲོ་འོང་ཐག་ཉེ་ས་གཙོ་བོར་བཟུང་འདུག ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བས། གཞུང་ལམ་དུ་འགྲོ་འོང་བྱེད་པའི་གུང་གསེང་སྐབས་ཀྱི་འགྲུལ་རྒྱུན་མང་བའི་རྣམ་པ་གཉིས་པ་དེ་མངོན་བྱུང་། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་གྱི་གྲངས་འབོར་སྔོན་དཔག་ལྟར་ན་བྱེ་བ་དྲུག་ས་ཡ་གཉིས་སུ་སླེབས་སྲིད་ལ། འགྲུལ་རྒྱུན་ཤིན་ཏུ་མང་པོའི་གྲངས་འབོར་གྱི་རྒྱུན་བཟུང་འདུག སྔོན་དཔག་ལྟར་ན། ཚེས་ལྔ་ཉིན་ཆུ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་བྱེ་བ་གཅིག་ས་ཡ་བདུན་དུ་སླེབས་པ་དང་། དེ་ན་ནིང་གི་དུས་མཉམ་ལས7.7%འཕར། སྔོན་དཔག་ལྟར་ན། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་ཚད་མི་ཐེངས་ས་ཡ་གཉིས་འབུམ་གསུམ་ཁྲི་ལྔར་སླེབས་སྲིད་པ་དང་། དུས་གཏན་གནམ་གྲུ་གཏོང་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་རེ་དྲུག་འགན་སྲུང་བྱ་ཐུབ་ལ། མཁའ་ལམ་གྱི་ལམ་ཐིག་གཙོ་བོ་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲིག ཧྲིན་ཀྲིན་སོགས་གྲོང་ཁྱེར་བར་རེད།