མདོ་ལ་རྫོང་གིས་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དྲུག་ཁྲི་དྲུག་སྟོང་གཉིས་ཉིས་བརྒྱ་ལྷག་བྱིན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་གཞི་བཙུགས་ནས། གནད་ཁེལ་རོགས་སྐྱོར་སོགས་ཕྱོགས་མི་འདྲ་བ་ནས་ནུས་ཤུགས་བཏོན་ཏེ།  ཕྱོགས་ཡོངས་ནས་དམངས་ཚིས་འགན་སྲུང་མ་ལག་བསྐྲུན།  མིག་སྔའི་བར་དུ།  ཁྱོན་སྡོམ་རིགས་སོ་སོའི་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དྲུག་ཁྲི་དྲུག་སྟོང་གཉིས་ཉིས་བརྒྱ་ལྷག་བྱིན་པ་དང་།  ཁྱིམ་ཚང་ཉིས་སྟོང་ལྔ་བརྒྱ་སུམ་ཅུ་དང་མང་ཚོགས་ལྔ་སྟོང་བཅུ་དགུ་ལ་ཕན་པ་ཐོབ།

མདོ་ལ་རྫོང་གིས་རིམ་དབྱེ་རིགས་བཀར་གྱི་རོགས་སྐྱོར་མ་ལག་བསྐྲུན་པ་སྲོག་ཤིང་དུ་བྱས་ཏེ།  གཞི་རིམ་གྱི་དབང་ཆ་ཆུང་གྲོས་ཀྱིས་ལྟ་སྐུལ་སྤྱི་སྟེགས་སུ་རོགས་སྐྱོར་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་ལ་བརྟེན་ནས།  ངོ་སྲུང་སོགས་ཀྱི་གནད་དོན་གཏན་འགོག་བྱས།  མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་བཏང་ནས་སྡེ་བ་རིམ་པའི་རྒན་པའི་བདེ་སྐྱིད་ཟ་ཁང18འཛུགས་སྐྲུན་བྱས་ཏེ།  གཞིས་སྡོད་རྒན་པ་ཁྲི་གཅིག་དང་སོ་གཉིས་ལ་རོགས་སྐྱོར་ཟ་མ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།  ལོ70ཡན་གྱི་རྒན་པ་ཁྲི་གཉིས་སྟོང་བརྒྱད་དང་གཉིས་ལ་རྒན་པའི་ཁ་གསབ་དངུལ་ཉིས་བརྒྱ་དོན་དགུ་དང་གྲངས་ཆུང་ཐིག་གཅིག་བྱིན་པར་མ་ཟད།  རྫོང་ཡོངས་ཀྱི་རྒན་པ་སྟོང་བཞི་དང་བརྒྱད་བརྒྱ་དོན་གཉིས་ལ་གཅིག་གྱུར་གྱིས་བསམ་ཡུལ་ལས་འདས་པའི་གནོད་འཚེའི་ཉེན་སྲུང་ཉོས།

དམངས་ཚིས་ཞབས་ཞུ་ལེགས་སྒྱུར་བྱེད་པའི་ཕྱོགས་ནས།  གཉེན་སྒྲིག་ཐོ་འགོད་ཞབས་ཞུའི་ལས་རིམ་དང་ལས་སྒྲུབ་འགྲོ་ལུགས་སྟབས་བདེ་བཟོས་ཏེ།  ལས་ཕྱོད་མཐོ་བའི་ངང་གཉེན་སྒྲིག་ཐོ་འགོད་བཞི་བརྒྱ་རེ་གཅིག་བྱས་ཡོད།  དམིགས་གསལ་ཚོགས་སྤྱིར་དམིགས་ཏེ།  དཀའ་ཁག་ཅན་གྱི་བྱིས་པར་མི་རེར་ཡིག་ཚགས་རེ་བཟོས་པ་དང་།  དཀའ་ཁག་ཅན་གྱི་བྱིས་པ་དྲུག་བརྒྱ་དང་གཅིག་གི་ཆ་འཕྲིན་རྒྱལ་ཡོངས་བྱིས་པའི་ཕན་བདེ་མ་ལག་ཏུ་བཅུག་ནས།  གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོ་དྲུག་ལ་འཚོ་བའི་འགན་སྲུང་དངུལ་ཁྲི་གཉིས་དང་སྟོང་དགུ་བརྒྱད་བརྒྱ་བརྒྱད་ཅུ་བྱིན། བྱིས་པའི་ཕན་བདེ་ཁང་གིས་དབང་སྐྱོན་བྱིས་པ་སོ་བརྒྱད་ལ་ཉིན་བཅོལ་བདག་སྐྱོང་བྱས།  རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་ཆ་འཕྲིན་མ་ལག་རིགས་གཉིས་ཀྱིས་རང་འགུལ་ངང་ཞབས་ཞུ་སྒྲུབ་པར་བརྟེན།  དབང་བོ་སྐྱོན་ཅན་སྟོང་གཅིག་དང་བཞི་བརྒྱ་སུམ་ཅུ་ལ་ཁ་གསབ་དངུལ་རིགས་གཉིས་ནས་སྒོར་ས་ཡ་གཅིག་དང་འབུམ་གཅིག་སྟོང་དྲུག་བཞི་བརྒྱ་བྱིན་ཏེ་རོགས་སྐྱོར་གང་ལེགས་བྱས།  

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།