
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱིའི་རུ་ཁག་གིས་དུས་ཆེན་སྐབས་ཀྱི་མེ་སྐྱོན་འགོག་སྡོམ་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ནས་དུས་ཆེན་གཉིས་ཀྱི་སྐབས་ཀྱི་མེ་ཟོན་བདེ་འཇགས་འགོག་སྲུང་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས། ཟླ10པའི་ཚེས8ཉིན་གྱི་དུས་ཚོད24བར། མཚོ་སྔོན་མེ་ཟོན་རོགས་སྐྱོབ་སྤྱིའི་རུ་ཁག་གིས་ཟོན་བརྡ་ཐེངས57དང་ལེན་བྱས་པ་དང་། མེ་ཟོན་རླངས་འཁོར་ཐེངས142དང་། མེ་ཟོན་རོགས་སྐྱོབ་མི་སྣ639 ཕྱིར་མངགས་ལ། ཞིང་ཆེན་ཡོངས་སུ་ཤུགས་རྐྱེན་ཆེ་བའི་མེ་སྐྱོན་དོན་རྐྱེན་མ་བྱུང་བ་དང་། མེ་ཟོན་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡིན།
དུས་ཆེན་སྐབས་སུ། མཚོ་སྔོན་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གཞི་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་བྱ་འགུལ་དང་མི་སྣ་འདུ་འཛི་ཆེ་བ། ཡུལ་སྐོར་ལྗོངས་ཁུལ་སོགས་ས་གནས་དང་ཁུལ་ཁོངས་ལ་དམ་པོར་དམིགས་ནས་མེ་བཀོལ་གློག་བཀོལ་སོགས་ལས་རིམ་གཙོ་བོར་དམིགས་ནས་ཉེན་ཁ་གྲལ་བཤེར་དང་དག་ཐེར། མཛུབ་སྟོན་ཞབས་ཞུའི་བྱ་བ་ནན་ཏན་ངང་སྤེལ། དུས་ཆེན་སྐབས་སུ་སྤྱི་ཚོགས་ལས་ཁུངས2614ལ་ཞིབ་བཤེར་བྱས་པ་དང་མངོན་མེད་ཉེན་ཁ3184ལ་ལྟ་སྐུལ་དག་ཐེར་བྱས།
དེ་མིན་དུས་ཆེན་གྱི་སྐབས་སུ། མཚོ་སྔོན་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་ལས་རེས་གྲ་སྒྲིག་ཤུགས་དྲག་ཏུ་བཏང་བ་དང་བཀོད་གཏོང་སྟོབས་ཤུགས་ལུགས་མཐུན་སྒོས་གྲ་སྒྲིག་བྱས་ནས་ཞིང་ཆེན་ཡོངས་སུ་ལས་རེས་ས་ཚིགས36བཀོད་སྒྲིག་བྱས་ཡོད་ལ། མེ་ཟོན་རོགས་སྐྱོབ་མི་སྣ201དང་མེ་ཟོན་རླངས་འཁོར51མངགས་ནས་མེ་ཟོན་ས་ཚིགས་བརྟན་སྲུང་བྱས་ཡོད།
མི་ཕམ་གྱིས་བསྒྱུར།