མཚོ་སྔོན་མཚོ་བྱང་གིས་ལས་གཉེར་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་དགུ་ཁྲི་བདུན་སྟོང་ལྔ་བསྡུ་རུབ་དང་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱིས་ལས་གཉེར་བྱེད་པར་རོགས་རམ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་གཉེར་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཚོང་ར་བརྟན་འཇགས། སྔོན་དཔག་བརྟན་འཇགས་ཡོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ལས་གཉེར་དེ་ཆེས་ཆེ་བའི་དམངས་ཚིས་སུ་བརྩིས་ནས་འཆར་འགོད་ནན་མོ་བྱས་ཏེ། ལས་གཉེར་མ་དངུལ་སྒོར་བྱེ་བ་དགུ་ས་ཡ་དགུ་དང་ཁྲི་བདུན་སྟོང་ལྔ་བཏང་ནས་ལས་གཉེར་བྱ་བའི་སྤུས་ཚད་མཐོར་འདེགས་བཏང་ལ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ལས་གཉེར་དུ་བསྒྱུར་ཚད་མི་ཐེངས་ཁྲི་བཞི་དང་སྟོང་ལྔ་དགུ་བརྒྱ་སོ་བཞི་བུད་པ་དང་། མཁར་གྲོང་དུ་ལས་ཞུགས་བྱེད་མཁན 2037 གསར་དུ་འཕར། མཁར་གྲོང་དུ་ལས་ཤོར་ཐོ་འགོད་བྱས་ཚད1.67%དུ་ཚོད་འཛོན་བྱས་ཡོད།

མཚོ་བྱང་ཁུལ་གྱིས་ལས་གཉེར་ལས་སྐྲུན་ཞབས་ཞུའི་ཁ་གསབ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་བཞི་བརྒྱ་བཀོད་ནས་ཐད་གཏོང་ལམ་ནས་མི་བསྡུ་བ་དང་ཡུལ་དངོས་ནས་མི་བསྡུ་བའི་རྣམ་པར་བརྟེན་ནས།  དཔྱིད་རླུང་བྱེད་སྒོ་དང་ལས་གཉེར་རོགས་སྐྱོར་ཟླ་བ་སོགས་བརྒྱུད་ནས་ཡུལ་དངོས་ནས་མི་བསྡུ་ཐེངས30བྱས་པ་དང་། ཐད་གཏོང་ལམ་ནས་མི་བསྡུ་ཐེངས103སྤེལ་ནས་ཁེ་ལས890རྩ་འཛུགས་བྱས་ནས་ལས་གཉེར་ལས་རྐང་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་འདོན་སྤྲོད་བྱས་ལ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ལས་གཉེར་དུ་བསྒྱུར་ཚད་མི་ཐེངས་ཁྲི་གཉིས་དང་སྟོང་དགུ་སུམ་བརྒྱ་བཞི་ཅུ་ལ་བུད།

མཚོ་བྱང་ཁུལ་གྱི་ལས་གཉེར་ཞབས་ཞུའི་འགུལ་སྐྱོད་ཇུས་གཞི་བཏོན་པ་དང་ལག་བསྟར་བྱས་ཏེ། ད་ལོར་མཐར་ཕྱིན་པའི་སློབ་ཆེན་སློབ་མ2051ལ་ལྟ་སྐུལ་བྱས་ནས་ལས་འཚོལ་ལས་སྐྲུན་ཀྱི་ཁ་གསབ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་དང་ཧྲན་ཏུང་གི་རོགས་སྒྲུབ་ཁ་གསབ་སྒོར་འབུམ་དྲུག་དང་ཁྲི་བརྒྱད་སྟོང་དགུ་དོན་འཁྱོལ་བྱས་ནས་ལས་གཉེར་ཚད100%ལ་སླེབས། སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་ནས་ཁུལ་ཡོངས་སུ་སྤྱི་ཕན་ལས་རྐང3898གསར་སྣོན་བྱས་ལ། མི་རེར་ཟླ་རེར་ལས་རྐང་ཁ་གསབ་སྒོར140ཡོད་ལ། ཁྱོན་སྡོམ་སྤྱི་ཕན་ལས་རྐང་གི་ཁ་གསབ་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་འབུམ་བཞི་ཁྲི་དྲུག་དང་སྟོང་གཉིས་སུམ་བརྒྱད་དང་སྤྱི་ཚོགས་འགན་སྲུང་ཁ་གསབ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་དྲུག་ཁྲི་ལྔ་དང་སྟོང་དགུ་དོན་འཁྱོལ་བྱས་ལ། ཁེ་ལས་ཀྱིས་དཀའ་ཁག་ཆེ་བའི་མི་སྣར་ཁ་གསབ་སྒོར་སྟོང་དགུ་དགུ་བརྒྱ་ང་བདུན་དང་བབ་བསྟུན་ལས་གཉེར་མི་སྣའི་སྤྱི་ཚོགས་འགན་སྲུང་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་བཞི་སྟོང་གསུམ་དགུ་བརྒྱ་དོན་འཁྱོལ་བྱས།

དེ་ལས་གཞན་ལག་རྩལ་གྱིས་མདུན་ལྗོངས་ལ་འོད་སྣང་སྩོལ་ཞེས་པའི་བྱེད་སྒོ་བརྒྱུད་མཚོ་སྔོན་གྱི་ལག་ཤེས་པའི་ཚོང་རྟགས་བསྐྲུན་པར་རོགས་རམ་བྱེད་པ་དང་། ས་བརྐོ་འཕྲུལ་ཆས་དང་ལྡུག་འཁོར། ཚ་ལ། ཀྲུང་ལུགས་སྤྲི་གོར་སོགས་ལས་རིགས་ཀྱི་གསབ་སྦྱོང་མི་ཐེངས3927སྤེལ་བ་དང་། ཆེད་ལས་རྩལ་ནུས་གསོ་སྦྱོང་ཁ་གསབ་སྒོར་ས་ཡ་གསུམ་དང་འབུམ་གཉིས་སྟོང་གསུམ་ལྔ་བརྒྱ་དང་ངོས་ལེན་ཁ་གསབ་སྒོར་ཁྲི་བཞི་དང་སྟོང་བརྒྱད་བརྒྱད་བརྒྱ་དོན་འཁྱོལ་བྱས།

མི་ཕམ་གྱིས་བསྒྱུར།