མཚོ་སྔོན་གྱི་པར་ལེན་མཁན་ལ་རྒྱལ་སྤྱིའི་རང་བྱུང་པར་ལེན་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ། སྐབས29པའི་སི་ཕན་རྒྱལ་སྤྱིའི་རང་བྱུང་པར་ལེན་འགྲན་སྡུར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་མི་ཧྲི་ཅིན་ལ་འགྲན་སྡུར་གྱི་འོ་འཐུང་སྲོག་ཆགས་རིགས་ཀྱི་ཚན་ཆུང་གི་ཨང་དང་པོ་ཐོབ།

སི་ཕན་གྱི་རྒྱལ་སྤྱིའི་རང་བྱུང་པར་ལེན་འགྲན་སྡུར་དེ1997ལོ་ནས་སྤེལ་མགོ་བརྩམས་ཤིང་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཧ་ཅང་ཆེ་བའི་རང་བྱུང་པར་ལེན་འགྲན་སྡུར་ཆེ་གྲས་ཤིག་ཡིན་པར་མ་ཟད། སི་ཕན་གྱིས་གཙོ་སྒྲུབ་བྱས་པའི་རང་བྱུང་པར་ལེན་འགྲན་སྡུར་རྩེ་གྲ་གཉིས་ཀྱི་གཅིག་ཡིན་ལ། འཛམ་གླིང་ཧྲིལ་བོའི་ས་ཆ་སྟོད་སྨད་བར་གསུམ་གྱི་པར་ལེན་དགའ་མོས་མཁན་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་མུས་སུ་མཆིས། ཐེངས་འདིའི་འགྲན་སྡུར་དེ་རི་ཁུལ་ལུས་སྦྱོང་རིགས་དང་རང་བྱུང་རིགས། སྐྱེ་ཁམས་སྲུང་སྐྱོབ་སྙན་ཞུ་རིགས། འོ་འཐུང་སྲོག་ཆགས་རིགས་སོགས་སུ་བགོས་ཡོད། བརྩམས་ཆོས་མང་པོའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་པར་ལེན་མཁན་ཧྲི་ཅིན་གྱི་བརྩམས་ཆོས་འབྲོ་བཞིན་པའི་གོང་ཟས་ཞེས་པར་འོ་འཐུང་སྲོག་ཆགས་རིགས་ཀྱི་ཨང་པོ་ཐོབ།

མི་ཕམ་གྱིས་བསྒྱུར།