ཞིང་ཆེན་ཡོངས་ཀྱི་གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ10པའི་ཚེས15ཉིན་ནས་ཚེས17ཉིན་བར། ཞིང་ཆེན་ཡོངས་ཀྱི་གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་བསྡུས། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་སོ་སོའི་རིམ་པ་གཉིས་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། གསར་འཛུགས་འགན་ཁུར་མི་སྣ་བསྡོམས་པའི61གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ལ་དམིགས་ནས་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། འབྲེལ་ཡོད་མངའ་ཁོངས་ཀྱི་དགེ་རྒན་ཆེན་མོས་སློབ་མར“དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་འགྲན་སློང་གསར་པ་དང་ཁ་ཕྱོགས་གསར་པ།”“ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱེད་པ། ”“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཞུང་ལུགས་དང་ལག་ལེན་བརྟན་པོ་འཛུགས་པ”སོགས་ཀྱི་སྐོར་སློབ་ཁྲིད་བྱས། གསོ་སྦྱོང་གི་སྐབས་སུ། སློབ་མ་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་བྱ་ཡུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། ཉམས་མྱོང་དང་བྱེད་སྟངས།    གསར་གཏོད་བྱ་བའི་བསམ་ཕྱོགས་བཅས་སློབ་སྦྱོང་བྱས།

གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་ལྟ་ཞིབ། གྲོས་བསྡུར་བརྗེ་རེས་བཅས་བྱས་པ་བརྒྱུད། སློབ་མ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གོ་དོན་དང་། བླང་བྱ། བྱ་ཐབས་སོགས་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་འབད་བརྩོན་དང་ལེགས་བཅོས་བྱེད་པར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་ཡོད། ཚང་མས་བསྟན་དོན། སློབ་སྦྱོང་བྱས་པའི་ཉམས་མྱོང་དང་བསམ་གཞིགས།    རྟོགས་ཤེས་བཅས་གསར་གཏོད་རང་བཞིན་གྱི་སྒོ་ནས་བེད་སྤྱོད་བྱས་ཏེ། རྗེས་ཕྱོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་བའི་ལག་ལེན་དུ་བསྒྱུར་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། གསོ་སྦྱོང་འཛིན་གྲྭར་ཕན་འབྲས་དངོས་ཐོབ་ཏུ་བཅུག

ཤ་བོ་རིན་མཚོས་བསྒྱུར།