
ཉེ་ལམ། གསར་འགོད་པས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་མཉམ་འབྲེལ་བྱས་ཏེ། ཇུས་གཞི་གཏན་འབེབས་བཟོ་བ་དང་བྱ་བའི་ཁྱབ་ཁོངས་བགོ་བ། རྩ་འཛུགས་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། 2025ལོའི་རྒྱལ་ཁོངས་འགྱུར་ལྡོག་ཞིབ་བཤེར་དང་ནགས་ཚལ་རྩྭ་ཐང་བརླན་ས་བྱེ་འགྱུར་ཅན་གྱི་ཞིབ་བཤེར་ལྟ་ཞིབ་ཚད་ལེན་བྱ་བར་སྐུལ་འདེད་བཏང་།
མཉམ་འདྲེས་རྨང་གཞི་ཟབ་སྤེལ་བྱས་ཤིང་། མཐུན་སྦྱོར་བྱ་བའི་སྒྲོམ་གཞི་སྔར་ལས་འཐུས་ཚང་དུ་བཏང་བ་དང་། མཐུན་སྦྱོར་བྱ་བའི་མ་ལག་འཐུས་ཚང་བཙུགས་ལ། མཉམ་འབྲེལ་སྒོས་མཐུན་སྦྱོར་ལག་བསྟར་ཇུས་གཞི་དང་སྡེབ་སྒྲིག་ཞིབ་བཤེར་བྱ་བའི་ཞིབ་སྲོལ། ཁྱད་ཆོས་མཆན་འགོད་སྒྲིག་སྲོལ་བཅས་ཟིན་ཐོར་བཀོད་དེ། མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྐྱེན་སྲོལ་ལག་བསྟར་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོའི་གཞི་གྲངས་ཐོན་སྐྱེད་མ་ལག་བཙུགས་ནས། ཟླ12པའི་ཚེས31དེ་མཐུན་སྦྱོར་ཞིབ་བཤེར་གྲུབ་འབྲས་གཅིག་གྱུར་གྱི་དུས་ཚོད་ལ་གཏན་འཁེལ་བྱས།
མཉམ་འདྲེས་སྐུལ་འདེད་བརྒྱུད་རིམ་ཁྲོད་ཀྱི་དོན་སྙིང་གཙོ་བོར་དམིགས་ནས། བསམ་བློ་ཤེས་རྟོགས་ཀྱི་འགག་སྒོ་དམ་འཛིན་ནན་མོ་བྱེད་པ་དང་། རང་འགུལ་སྒོས་ས་གནས་ཀྱིས་རྒྱལ་ཁབ་ཀྱི་ཞིབ་བཤེར་ལྟ་ཞིབ་ཚད་ལེན་དང་ལེན་བྱེད་པའི་ལས་རིམ་ལེགས་སྒྱུར་བྱས་ཏེ། གནས་བབ་གསར་བར་འཚམ་པའི་ཞིབ་བཤེར་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ཐོན་སྐྱེད་མ་ལག་འཛུགས་དགོས། མཐུན་སྦྱོར་སྐུལ་འདེད་ཀྱི་འགག་སྒོ་དམ་འཛིན་ནན་མོ་བྱས་ཏེ། སོ་སོས་ཞིབ་བཤེར་དང་མཉམ་དུ་གཏན་འབེབས་བྱེད་པ་བསྟུད་མར་ལེགས་སྒྱུར་བྱེད་ཅིང་། མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་དང་ཀྲུའུ་རིན་ཟུང་གི་གཞུང་སྒྲུབ་ཁང་གི་རྩ་འཛུགས་འགན་སྲུང་རྐྱེན་སྲོལ་རྒྱབ་རྟེན་དུ་བྱེད་དགོས། སྤུས་ཚད་ཚོད་འཛིན་གྱི་འགག་སྒོ་དམ་འཛིན་ནན་མོ་བྱེད་པ་དང་། རིམ་པ་གཉིས་ཀྱི་ཞིབ་བཤེར་དངོས་འབེབས་ལེགས་པོ་བྱེད་ཅིང་། རྫོང་རིམ་པའི་རང་བྱུང་ཐོན་ཁུངས་དང་ནགས་རྩྭའི་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཐུན་མོང་རང་བཤེར་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་ནགས་རྩྭའི་སྡེ་ཁག་གིས་ཕྱོགས་ཡོངས་བསྐྱར་བཤེར་བྱེད་པ། ཞིང་ཆེན་རིམ་པའི་རང་བྱུང་ཐོན་ཁུངས་དང་ནགས་རྩྭའི་སྡེ་ཁག་གིས་མཉམ་དུ་གཙོ་གནད་འདེམས་བཤེར་བཅས་བྱས་ཏེ། རིམ་གསུམ་མཉམ་འགུལ་གྱི་གཏན་འབེབས་མཐུན་སྦྱོར་གནད་ལ་འཁེལ་བར་བྱེད་པ་དང་། ཞིབ་བཤེར་གཞི་གྲངས་དོན་དངོས་ཡང་དག་ཡིན་པར་ཁག་ཐེག་བྱེད་དགོས། གྲུབ་འབྲས་བེད་སྤྱོད་ཀྱི་འགག་སྒོ་དམ་འཛིན་ནན་མོ་བྱེད་པ་དང་། ས་ཞིང་བེད་སྤྱོད་གནས་བབ་ཀྱི་འགྱུར་ལྡོག་དབྱེ་ཞིབ་དཔྱད་འཇོག་ལེགས་པོ་བྱས་ནས། ཞིབ་བཤེར་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཐད་ཀར་བེད་སྤྱད་དེ་རྩད་ཞིབ་ཐིག་ལེན་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།