བོད་ཀྱི་ཟློར་གར《གྱིམ་ཤིང་ཀོང་ཇོ》ཞེས་པས་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམ་འཁྲབ་སྟོན་ཡོངས་འགྲུབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ10པའི་ཚེས21ཉིན།   མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཟློས་གར་ཚོགས་པས་གསར་གཏོད་འཁྲབ་སྦྱོང་བྱས་པའི་ཨ་མདོའི་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》ཞེས་པས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཀྲུང་ཡན་ཟློར་གར་ཆེན་མོ་རུ་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམ་འཁྲབ་སྟོན་ཡོངས་འགྲུབ་བྱས་པ་དང་།   དཔྱད་འདེམས་པ་དང་ལྟད་མོ་བ་རྣམས་ཀྱིས་རིག་གནས་ཀྱི་ནང་སྙིང་དང་སྒྱུ་རྩལ་གསར་གཏོད་ལ་གདེང་འཇོག་ཆེན་པོ་བྱས།

མཚོ་སྔོན་གྱི་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམས་མིང་འདོན་ཟློས་གར་གཅིག་པུ་ཡིན་པའི་ཆ་ནས།    《གྱིམ་ཤིང་ཀོང་ཇོ》ཞེས་པའི་ཟློར་གར་གྱི་ཁོངས་མི་ཡོངས་ཀྱིས་ཉིན་དེའི་དགོང་མོར་སྙིང་སྟོབས་ཆེན་པོ་དང་འཁྲབ་སྟོན་གྱི་ཆུ་ཚད་ལེགས་པོར་བརྟེན་ནས་མཚོ་སྔོན་གྱི་མི་རིགས་རིག་གནས་ཀྱི་རྫོངས་མཐུག་པའི་གར་སྟེགས་བརྩམས་ཆོས་དེ་དཔྱད་འདེམས་པ་རྣམས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་ཞིང་།   བོད་ཀྱི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས་ལ།   མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་ཟབ་མོ་བརྒྱུད་སྒྲོག་བྱས་པར་མ་ཟད།    བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་གཅིག་གྱུར་མངོན་འགྱུར་བྱས།

《གྱིམ་ཤིང་ཀོང་ཇོ》ཞེས་པའི་ཟློས་གར་གསར་གཏོད་འཁྲབ་སྦྱོང་ནས་མཇུག་མཐའི་དཔྱད་འདེམས་འཁྲབ་སྟོན་བར་དུ།    འཁྲབ་སྟོན་ཚན་ཆུང་གི་ཁོངས་མི་ཡོངས་ཀྱི་སེམས་ཤུགས་གཅིག་བསྡུས་བྱས་ཡོད་པ་དང་།    འཁྲབ་སྟོན་ཚན་ཆུང་གིས་ཁུལ་ནང་ཁུལ་གྱི་སྤུས་ལེགས་སྒྱུ་རྩལ་ཐོན་ཁུངས་ལེགས་སྒྲིག་དང་རྐང་འཛིན་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ཐེངས་མང་པོའི་རེས་སྐོར་འཁྲབ་སྦྱོང་བྱས་པ་བརྒྱུད་དེ་མཇུག་མཐར་བྱང་ཆ་ལྡན་པའི་སྒྱུ་རྩལ་འཁྲབ་སྟོན་ཆུ་ཚད་ལ་བརྟེན་ནས་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམས་གར་སྟེགས་སྟེང་འཁྲབ་སྟོན་ལེགས་འགྲུབ་བྱུང་།

ཐེངས་འདིའི《གྱིམ་ཤིང་ཀོང་ཇོ》ཞེས་པའི་ཟློས་གར་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམས་གར་སྟེགས་སྟེང་འཁྲབ་སྟོན་བྱས་པ་དེ་ནི་ཟློས་གར་རང་སྟེང་གི་རིན་ཐང་ཕྱོགས་ཡོངས་ནས་མངོན་པར་བྱས་པ་ཡིན་ཞིང་།    རྨ་ལྷོའི་བོད་ཀྱི་ཟློས་གར་རྒྱུན་འཛིན་འཕེལ་རྒྱས་གྲུབ་འབྲས་ཀྱི་གཅིག་བསྡུས་འགྲེམ་སྟོན་ཐེངས་ཤིག་ཀྱང་ཡིན།

མིག་སྔར།   སྐབས་བཅོ་བརྒྱད་པའི་ཝུན་ཧྭ་ཟློས་གར་བྱ་དགའི་མཇུག་མཐའི་དཔྱད་འདེམས་བྱ་བ་སྤེལ་བཞིན་པའི་སྒང་ཡིན་པ་དང་།    མཇུག་མཐའི་བྱ་དགའ་ཐོབ་པའི་མིང་ཐོ་སྐབས་བཅུ་བཞི་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྟེང་དངོས་སུ་ཡོངས་བསྒྲག་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།