མཚོ་སྔོན་གྱིས་ཐིན་རིམ་པའི་ལས་བྱེད་པར་ཁྲིམས་སྐྱོང་འཆད་ཁྲིད་བྱ་བ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ10པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་ཁྲིམས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞུའུ་ཨན་པེའོ་མཚོ་སྔོན་དུ་གདན་དྲངས་ནས། ཞིང་ཆེན་ཡོངས་ཀྱི་ཐིན་རིམ་པའི་ལས་བྱེད་པར་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་བྱ་བ་སྤེལ།

འཆད་ཁྲིད་ལས《ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་ལག་བསྟར་བྱེད་པ་བརྗོད་དོན་དུ་བཟུང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་དང་། ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་པའི་བར། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྣམ་པ་གྲུབ་པར་བྱེད་པ། བྱ་བའི་ཁྲིད་ཕྱོགས་ཤུགས་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནང་དོན་གཙོ་བོ་དང་ཁ་གཏད་ས་གཙོ་བོ་གསལ་འདོན་བྱེད་པ། ལག་བསྟར་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་སྤུས་ནུས་ཀྱི་ཕྱོགས་བཞིའི་ཐད་ནས་བཅའ་ཁྲིམས་ཀྱི་རྒྱབ་ལྗོངས། ནང་དོན། དོན་སྙིང་། ལེགས་ཆ་སོགས་འགྲེལ་ཀློག་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་ཐབས་ལམ་གསལ་སྟོན་བྱས།

འཆད་ཁྲིད་ལས《ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ལེགས་པོ། ལག་བསྟར་བཟང་པོ་བྱེད་པའི་ཐད་ནས། ཁྲིམས་ལུགས་ཁྱབ་གདལ་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྡེ་ཁག་བརྒལ་བའི་ཁྲིམས་ལུགས་ཁྱབ་གདལ་སྟོབས་ཤུགས་ནུས་མཐོར་མཉམ་སྒུལ་དང་། མཐུན་སྦྱོར་ཤུགས་འདོན་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་དམངས་ཀྱི་མི་ཚེ་གང་བོའི་ཁྲིམས་སྐྱོང་སློབ་གསོའི་ལམ་ལུགས་དམིགས་སུ་འཛིན་པ་དང་། གནད་འགག་གྲངས་ཉུང་དམ་འཛིན་བྱས་ཏེ། བཅའ་ཁྲིམས་དེ་ལོ་མཇུག་གི་འགན་སྒྲུབ་སྙན་ཞུའི་ནང་བཞག་ནས། ཡུན་ཕན་རྐྱེན་སྲོལ་འཛུགས་པ། རིགས་སོ་སོའི་སྨྱན་སྦྱོར་སྟེགས་བུས་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བར་གཞི་བཅོལ་ནས། སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་པ། ཁྲིམས་སྐྱོང་གི་ཆ་དང་གྲོང་ཁྱེར་གྱི་སྤྱི་བའི་བར་སྟོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། བརྒྱད་ལྔའི་ཁྲིམས་ལུགས་ཁྱབ་གདལ་སྤྱི་བསྡོམས་དང་དགུ་ལྔའི་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་སྒྲིག་ལུགས་བྱ་བ་དུས་མཉམ་དུ་ལེགས་པོར་སྒྲུབ་པ་བཅས་བཏོན།

ཞིང་ཆེན་ཁྲིམས་འཛིན་ཐིན་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་པས་མཚམས་སྦྱོར་བྱས་དོན། རང་ཞིང་གིས་བསྟུད་མར་ལོ་འགའི་རིང་ཐིན་རིམ་པའི་ལས་བྱེད་པར་ཁྲིམས་སྐྱོང་འཆད་ཁྲིད་བྱས་པ་རེད། ང་ཚོས་གསོ་སྦྱོང་ལས་དོན་མུ་མཐུད་ཤུགས་དྲག་ཏུ་གཏོང་རྒྱུ་མ་ཟད། འཆད་ཁྲིད་དེ་མགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་དང་། ཟོང་རྟགས་ཅན་གྱི་སློབ་ཁྲིད་ཅིག་ཏུ་འགྱུར་བར་ལག་ལེན་བཟང་པོ་སྤེལ་རྒྱུ་ཡིན་ཞེས་བཤད།

རིག་འཛིན་སྒྲོལ་མས་བསྒྱུར།