ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྐོར་གསར་བའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ10པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལྟར། སྐོར་གསར་བའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས་ཚོང་འདྲེན་དངུལ་བསྡུའི་ལེགས་ཆ་གསར་བ་མངོན་པ་དང་རྣམ་པ་གསར་བ་ཆགས་པར་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྩ་གྲ་ཆགས་པར་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་བསྩལ།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོག་འདེགས་བྱེད་པའི2025ལོ་ནས་2027ལོའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་བཏོན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་དང་། ལྗང་གློག་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ལས་ཕྱི་བགྲོད་ཅན་གྱི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་རིམ་པ་འདོན་པ། ཁེ་ལས་དང་འབྲེལ་བའི་རིན་བསྡུའི་དཀར་ཆག་ཞིབ་ཐོའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་མགོ་རྩོམ་ས་དམའ་ཡང་གྲུབ་འབྲས་མོད་པའི་ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་ཐེངས་ལྔ་བའི་ལས་འགན་བསྟུད་མར་བཏོན་ནས་ཚོང་གཉེར་གཙོའི་འཁོར་ཡུན་ཧྲིལ་བོར་ཁྱབ་པའི1+N+Mཡི་ཁྲིམས་སྐྱོང་འགན་སྲུང་མ་ལག་གྲུབ་པར་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་ཐབས་གསར་གཏོད་དང་ཚོང་འགུག་དངུལ་འདྲེན་ལས་གཞིའི་ཞབས་ཞུ་སྔར་ལས་ལེགས་པར་སྒྲུབ་པའི་འགན་སྲུང་ཐད་ཀྱི་བྱ་བའི་རྐྱེན་སྲོལ་དཔར་འགྲེམས་བྱས་ནས་ལས་གཞིའི་རྒྱུ་རྐྱེན་ཡོངས་ལ་འགན་སྲུང་དང་གོ་རིམ་ཧྲིལ་བོར་རྗེས་འདེད་བྱེད་པ། འཁོར་ཡུན་ཧྲིལ་བོར་ཞབས་ཞུ་སྒྲུབ་པར་སྐུལ་འདེད་བཏང་སྟེ་ཁོར་ཡུག་དང་ཞབས་ཞུ། ཕན་ནུས་ཆེས་བཟང་བའི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་དགོས།

མཉམ་འདྲེས་དངུལ་གཏོང་གི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ལས་དོན་ལས་གཞིའི་འཛུགས་སྐྲུན་དང་གཉེར་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས་དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་རྒྱས་པར་བྱ་དགོས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་ཆོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་ནུས་ཁུངས་གསར་བའི་དྲ་ལམ་གློག་རིན་ཚོང་ར་བཅོས་སྒྱུར་དང་ལྗང་གློག་ཐད་སྦྲེལ། ནུས་ཁུངས་གསར་བའི་ལས་གཞི་གསར་སྤེལ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་གློག་ཤུགས་ཐོན་ཁུངས་ཕན་ནུས་མཐོ་བའི་ངང་བཀོད་སྒྲིག་བྱེད་པར་ནུས་ཤུགས་ཡོད་རྒུ་འདོན་དགོས།

མི་ཕམ་གྱིས་བསྒྱུར།