འབྲི་ཆུའི་མཚོ་སྔོན་མཚམས་ཀྱི་ཆུ་ཁོངས་སྐྱེ་ཁམས་ལོ་རྒྱུས་ཀྱི་རྣམ་པ་ལེགས་ཤོས་སུ་སླེབས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ་དྲུག་པ་ནས་དགུ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཉ་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱིས་ཆེད་ལས་ལྟ་ཞིབ་རུ་ཁག་རྩ་འཛུགས་བྱས་ཏེ། འབྲི་ཆུའི་འགོ་ཁུངས་ཀྱི་སྨར་ཁོག་ཆུ་བོ་སོགས་ཆུ་ལག་གཙོ་བོའི་གནས་ཉེར་གསུམ་ལ་ད་ལོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཆེད་གཉེར་ལྟ་ཞིབ་བྱ་བ་ཡོངས་འགྲུབ་བྱས། ལྟ་ཞིབ་ལས་མངོན་པ་ལྟར་ན། འབྲི་ཆུའི་མཚོ་སྔོན་མཚམས་ཀྱི་ཆུ་ཁོངས་སྐྱེ་ཁམས་ལོ་རྒྱུས་ཀྱི་རྣམ་པ་ལེགས་ཤོས་སུ་སླེབས་པ་དང་། འབྲི་ཆུའི་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་འགྱུར་ལྡོག་དམིགས་ཡུལ་དུ་བཟུང་བའི་ཚན་རིག་ལྟ་ཞིབ་ཚད་ལེན་དེ་རྒྱུན་མཐུད་དང་ཆ་ཚང་ངང་ལོ་ལྔ་ལ་སྐུལ་འདེད་བཏང་ཡོད། ལོ་ལྔའི་རྗེས་འདེད་གཞི་གྲངས་ལས་བསྟུད་མར་མངོན་པ་ལྟར་ན། འབྲི་ཆུའི་མཚོ་སྔོན་མཚམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་བླངས་བ་དང་། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད།

ལྟ་ཞིབ་ལས་མངོན་པ་ལྟར་ན། འབྲི་ཆུའི་མཚོ་སྔོན་མཚམས་ཀྱི་ཉ་རིགས་ཐོན་ཁུངས་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་པ་དང་ལོ་རྒྱུས་ཐོག་བཀོད་པའི་རིགས20ཡི་ཉ་རིགས་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཁྲོན་ཧྲན་ཀྲེ་ལུའོ་ཉ་དེ་སྨར་ཁོག་གཙང་པོའི་འབབ་རྒྱུད་དུ་འཚོ་སྡོད་བྱེད་པའི་ཁྱུ་ཚོགས་རྙེད། ཉ་རིགས་ཀྱི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་སྒོས་མཐོ་རུ་ཕྱིན་པ་དང་། ཉ་རིགས་ཆ་ཚང་རང་བཞིན་སྟོན་གྲངས་ཡུན་རིང་རྒྱུན་སྲུང་བྱས་ཚད་བཟང་པས། ཐོན་ཁུངས་ཀྱི་སྐྱེ་ཁམས་ཆུ་ཚད་ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སུ་སླེབས་ཡོད་པ་དང་། མཚོ་སྔོན་ནི་འབྲི་ཆུའི་འབབ་རྒྱུད་ཀྱི་ཉ་རིགས་སྲུང་སྐྱོབ་འཐུས་སྒོ་ཚང་བའི་ཞིང་ཆེན་ཞིག་ཏུ་གྱུར་ཡོད།     ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་སོང་ཡོད་པ་དང་།   ཉ་ལས་ཆུ་སྤུས་ཚད་གཞི་དང་ས་ངོས་ཆུ་རིགསⅡཔའི་ཚད་གཞི་དང་མཐུན་པ། ཆུ་ཁོངས་སྐྱེ་ཁམས་ཀྱིས་གདོད་མའི་གཞི་རྩའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

ལྟ་ཞིབ་ཚད་ལེན་མཇུག་འབྲས་ལ་གཞིགས་ན།    འབྲི་ཆུའི“ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི”སྲིད་ཇུས་མཚོ་སྔོན་ས་ཁུལ་དུ་དོན་འཁྱོལ་ནུས་ལྡན་བྱས་པ་དང་།    ཉ་འཛིན་མི་ཆོག་པ་དང་ཉ་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་སླར་གསོ་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བས། འགོ་ཁུངས་ཀྱི་ཆུའི་སྐྱེ་ཁམས་བྱེད་ནུས་བརྟན་པོའི་ངང་སླར་གསོ་བྱས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་སྲུང་སྐྱོབ་དང་སྐྱེ་ཁམས་ལ་སྐུལ་འདེད་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོ་དང་དཔེ་མཚོན་དངོས་འདོན་སྤྲོད་གང་ལེགས་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།