མཚོ་སྔོན་གྱིས་གསར་དར་ཁྱབ་ཁོངས་ཀྱི“ཁྱབ་གཉིས”གཅིག་སྡུད་འགག་སྒྲོལ་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།
ཁུངས། ཀློག་གྲངས། 13

ཟླ11པའི་ཚེས4ཉིན། མཚོ་སྔོན་གྱི་གསར་དར་ཁྱབ་ཁོངས་ཀྱི“ཁྱབ་གཉིས”གཅིག་སྡུད་འགག་སྒྲོལ་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཟླ10པའི་ནང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཁྱབ་གཉིས”གཅིག་སྡུད་འགག་སྒྲོལ་བྱ་བ་སྤེལ་བའི་གནས་ཚུལ་བརྡ་ཁྱབ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི“ཁྱབ་གཉིས”གཅིག་སྡུད་འགག་སྒྲོལ་བྱ་བ་སྤེལ་འགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་བྱ་བའི་ཨུ་ཡོན་ལྷན་ཁང་གསར་པ་གཉིས་ཀྱི་ཁོངས་མིའི་ལས་ཁུངས་ཀྱི་འགན་ནུས་ངེས་གནས་གཞིར་བཟུང་ནས་ལས་བགོས་ཁ་གསལ་བཟོས་ཏེ། དུས་བཀག་བཀོད་གཏོང་དང་། གཞི་གྲངས་སྤྱི་སྡོམ། ཡུལ་དངོས་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་ཁུལ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བྱ་བའི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། འགག་སྒྲོལ་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་དང་འགག་གནད་ལེགས་སྒྲིག་གནད་ལ་འཁེལ་བ་བྱས་ནས། འགག་སྒྲོལ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་མཐུད་དང་བརྟན་པོ་ཡོང་བར་སྐུལ་འདེད་བཏང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“བསམ་བཀོད་གཅིག”གི་བསམ་བློ་བརྟན་པོ་བཙུགས་པ་དང་། “སྔོན་ལ་འཛུགས་པ་དང་རྗེས་སུ་འཐུས་ཚང་དུ་གཏོང་བའི”བསམ་ཕྱོགས་ལ་དམ་པོར་དམིགས་པ། རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེས་ཆེ་བའི་ཚད་དུ་ཇེ་མཐོར་བཏང་བ་དང་། བྱ་བའི་ཁྱབ་རྒྱ་རྒྱུན་མཐུད་དུ་ཇེ་ཆེར་བཏང་བ། མཐུན་སྦྱོར་གྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་བཅས་བྱས་ཏེ། གཅིག་སྡུད་འགག་སྒྲོལ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ཚོགས་འདུའི་སྐབས་སུ། ཚོགས་ཞུགས་འཐུས་མིས་ད་དུང་ཟི་ལིང་གྲོང་ཁྱེར་བགྲོད་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ཏང་མང་ཞབས་ཞུའི་ས་ཚིགས་དང་། ཐང་ཏའོ་ཚོང་དོན་ཁུལ་གྱི་ཏང་འཛུགས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། མཚོ་སྔོན་ཡུན་ཏེན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་རྩ་འཛུགས་སོགས“ཁྱབ་གཉིས”བྱ་བའི་ཕན་འབྲས་མངོན་གསལ་ཡིན་པའི་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་བྱེད་སྒོའི་གནས་ཡུལ་དུ་ལྟ་སྐོར་བྱས།

ཤ་བོ་གསེར་མཚོས་བསྒྱུར།