“མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ30ལྷག་ལ་ཕྱིར་འཚོང་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ11པའི་ཚེས5ཉིན། གསར་འགོད་པས2025ལོའི་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོར་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱིར་གཏོང་དེ་བརྒྱུད་རིམ་གཙོ་བོར་བཞག་སྟེ། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་། ཟོང་འགྲུལ་མ་ལག་ཤར་གཏོང་དང་། ཁྲོམ་ར་འབད་པས་རྒྱ་བསྐྱེད་དེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དེ་ཞིང་ཆེན་ཕྱི་དང་རྒྱལ་ཁབ་ཕྱི་རུ་བསྐྱོད་པར་བསྐུལ་ཏེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ30ལྷག་ལ་ཕྱིར་འཚོང་བྱས་ཏེ། “མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་བསྐྱེད།

ལོ་ལྔ་ཡི་རིང་། མཚོ་སྔོན་གྱིས་ཞིང་ཆེན་ཕྱི་རུ་ཆེད་དམིགས་མཁོ་འདོན་ལྟེ་གནས་དང་ཉམས་ལེན་ཁང་སོགས26བཙུགས་ཏེ། རིགས་ཆེན་པོ8ཀྱི་མཐོ་སྒང་སྤུས་ལེགས་ཐོན་རྫས་བརྒྱ་ལྷག“ཀྲུང་ཞིན་ཡེ་ཅ”དང“ཀྲུང་ཞིན་ཏང་ཁྲང་ཞིན་འཚོ་བ”སོགས་ཀྲུང་དབྱང་དང་ཁེ་ལས་ཀྱི་གློག་ཚོང་སྟེགས་བུར་ཞུགས་ནས། མཚོ་སྔོན་འཐེན་ཐུག་གི་མཉམ་འབྲེལ་དཔེ་སྟོན་ཚོང་ཁང200བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་རྒྱའི་སིལ་འཚོང་འབོར་གྲངས་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི36འཕར། ཞང་དང་ཨའོ་མོན་སོགས་ས་ཆར་འོས་སྦྱོར་སྤེལ་རེས་བྱེད་སྒོ་སྤེལ་ནས། ནོར་གནག་གསོ་སྤེལ་དང་དེའི་ཐོན་རྫས་ཞང་ཀང་ལ་མཁོ་སྤྲོད་བྱེད་པའི་རྒྱུ་ལམ་ཕྱེས་པ་དང་། མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས130ལྷག་ཞང་ཀང་དུ་སྐྱེལ་བ་དང་། ཞིང་ཕྱུགས་ཁེ་ལས50ལྷག་གི་ཞིང་ཕྱུགས་ཐོན་རྫས59ལSTCཡི་ཁས་ལེན་བདེན་དཔང་བྱས། འཁྱགས་སོས་བོད་ལུག་གི་ལུག་ཤ་ཨའོ་མོན་ཁྲོམ་རར་སྐྱེལ་བ་དང་། ལའོ་ཏུའུ་ཡི་མདོག་ལྡན་སིར་པན་ཐོག་དང་པོར་ཨུ་རུ་སུར་ཕྱིར་གཏོང་བྱས། མཚོ་སྔོན་གྱི་ཞོག་ཁོག་ཐོག་དང་པོར་ཡ་གླིང་དབུས་མར་ཕྱིར་གཏོང་བྱས། འཁྱགས་ཉ་ཙོན་ཡུས་དང་དབྱར་རྩ་དགུན་འབུའི་ཕྱིར་གཏོང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། ལོག་དཀར་གྱི་ས་བོན་དང་ཤ་མོའི་ཤིང་གཏུམ། ལི་གྲོ་ས་བོན་བཅས་རྒྱལ་ཁབ་ཕྱི་རུ་ཕྱིར་གཏོང་བྱས་པ་མ་ཟད། དབྱི་ལང་དང་ཧ་སག་སི་ཐན་སོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞིང་ལས་སྤེལ་རེས་མཉམ་ལས་ཇེ་དྲག་ཏུ་བཏང་། ད་ལོའི་ཟླ་སྔོན་མ་དགུའི་རིང་། རིམ་རྩིས་བྱས་ན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྒོར་དུང་ཕྱུར་ལྔ་བྱེ་བ་དགུ་ཕྱིར་གཏོང་བྱས་ཤིང་། བརྒྱ་ཆའི་ང་གཉིས་གྲངས་ཆུང་བརྒྱད་འཕར། ཕྱིར་གཏོང་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ལག་ཏུ་བསྟར་ནས། དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒྲིག་འཛུགས་བྱས། མིག་སྔར། རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཚད་གཞི་ཅན་གྱི་དཔེ་སྟོན་རྟེན་གཞི5གསར་དུ་བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང7། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ས་ཁུལ6། རྒྱལ་ཁབ་ཀྱི་ཁྱད་ལྡན་དགེ་མཚན་ཐོན་ལས་འདུས་གྲུབ6། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་སྔོན་བསྟར་ས་ཁུལ3། ཐོན་ལས་གྲོང་རྡལ་སྟོབས་ལྡན23བཅས་གསར་དུ་བསྐྲུན་ནས། ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཅན་འཕེལ་རྒྱས་གཅིག་བསྡུས་ཀྱིས་སྐུལ་ཁྲིད་བྱས། དུས་མཚུངས་སུ། ཞིབ་ཚགས་ལས་སྣོན་ནུས་ལྡན་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས64ཡི་ཁྲོད། གསར་གཏོད་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས44དང་། ཞིང་ཆེན་རིམ་པའི“ཆེད་ཞིབ་ཁྱད་གསར”གྱི་ཁེ་ལས་པ་ངོས་འཛིན་གཏན་འཁེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་གཙོ་བོའི་ལས་སྣོན་ཚད་བརྒྱ་ཆའི་རེ་གཅིག་ནས་བརྒྱ་ཆའི་རེ་བཞི་གྲངས་ཆུང་གསུམ་ལ་ཇེ་མཐོར་བཏང་།

རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི5དང་། ད་ཡོད་ཀྱི་ནུས་ལྡན་ས་གནས་ཀྱི་ཚད་གཞི822གཏན་འབེབས་བྱས་ནས། ནོར་གནག་དང་ནས་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཚད་གཞིའི་མ་ལག10གཏན་འབེབས་བྱས་ནས་སྒྲོག་སྤེལ་དང་། ཚད་གཞི་ལྟར་ཐོན་སྐྱེད་བྱེད་པའི་རྣམ་པ་གྲུབ་བཞིན་པའི་སྒང་ཡིན། ལོ་ལྔ་ཡི་རིང་། སྦྲེལ་ཐག་རྒྱུན་སྲིང་དང་ཁ་གསབ། སྟོབས་ཆེར་གཏོང་བ་བཅས་བརྒྱུད་དེ། ཐོན་སྐྱེད་འཛིན་པ་ནས་སྦྲེལ་ཐག་འཛིན་པ། ཐོན་རྫས་འཛིན་པ་ནས་ཐོན་ལས་འཛིན་པ། ལས་རིམ་འཛིན་པ་ནས་མ་ལག་འཛིན་པའི་བར་གྱི་འཕོ་འགྱུར་ལས་གཅིག་བསྡུས་ཀྱི་སྒོ་ནས“ཁྱད་ལྡན་ཆུང་བ”ནས“ཐོན་ལས་ཆེན་པོ”ལ་བསྐྱོད་པར་སྐུལ་འདེད་བཏང་།

མཚོ་མོ་སྐྱིད་ཀྱིས་བསྒྱུར།