ཟླ9པའི་ཟླ་མཇུག་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་གྲས་ཀྱིས་དངུལ་རྩའི་མ་རྩ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཙམ་གྲོན་ཆུང་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ11པའི་ཚེས17ཉིན། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཀུན་ཕན་དངུལ་རྩ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཐེན་རན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་9པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་སྤྲད་པའི་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་མར་ཆག་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་དགུ་མར་ཆག་ཡོད། བསམ་སྦྱོར་དེས་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་མ་རྩ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་གྲོན་ཆུང་ཐུབ་ཡོད། གྲུབ་འབྲས་ཆེན་པོ་དེ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་མཚོ་སྔོན་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁེ་ལས་ཆུང་གྲས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ། སྲིད་ཇུས་དོན་འཁྱོལ་དང་མ་དངུལ་སྦྲེལ་མཐུད། མ་རྩ་ཇེ་དམའ་རུ་གཏོང་བ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཁེ་ལས་ཆུང་གྲས་ཀྱི་དཀའ་ངལ་སེལ་བར་མིག་དཔེ་བཟང་བོ་བསྟན།

སྲིད་ཇུས་དོན་འཁྱོལ་དང་མ་དངུལ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། མཚོ་སྔོན་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ། ཁེ་ལས་ཆུང་གྲས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད། ཕྱོགས་གཅིག་ནས་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་ཞབས་ཞུའི་བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་ཀྱི་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད། ཁེ་ལས་གྲས་ཀྱི་མ་དངུལ་དཀའ་གནད་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པར་མ་ཟད། ཡུལ་དངོས་སུ་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། དངུལ་ཁང་སྒྲིག་གཞིས་མ་རྩ་ཕྱིར་སྤྲོད་མ་བྱས་པར་མུ་མཐུད་དངུལ་བུན་གཏོང་རྒྱུ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།