2025ལོའི་དགུན་དཔྱིད་དུས་ཀྱི་ཟི་ལིང་ས་ཁུལ་གྱི་རི་འཛེགས་ཚོགས་པའི་རི་བོ་གངས་དཀར་ལ་འཛེགས་པའི་རྒྱལ་ཡོངས་རི་འཛེགས་ཀྱི་བྱེད་སྒོ་ཐོག་མ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ11པའི་ཚེས23ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་དམངས་སྲིད་གཞུང་དང་།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་།  ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་བསྒྲུབ་པའི་གངས་རིའི་གནས་མཆོག་འཚོལ་ཞིབ་དང་དགུན་དུས་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་ཡུལ་སྐོར་བྱེད་ཅེས་པའི2025ལོའི་དགུན་དཔྱིད་དུས་ཀྱི་ཟི་ལིང་གྲོང་ཁྱེར་གྱི་རི་འཛེགས་མནའ་འབྲེལ་གྱི་རི་བོ་གངས་དཀར་ལ་འཛེགས་པའི་རྒྱལ་ཡོངས་ཀྱི་རི་འཛེགས་ཐོག་མའི་བྱེད་སྒོ་དེ་གྲོང་ཁྱེར་མཁར་བྱང་ཆིས་པེ་ཁྲོན་གྱི་ཐང་མཁར་ཁམས་གསོ་ཚ་གཡོལ་གྲོང་རྡལ་ཆུང་བ་ནས་འགོ་བརྩམས།

ཐེངས་འདིའི་ཐོག་མའི་བྱ་འགུལ་ནང་ཞི་ཨན་དང་། པའོ་ཅི། ཞན་དབྱང་། ནན་ཅིན། ཁྲེང་ཏུའུ་སོགས་ནས་ཡོང་བའི་རི་འཛེགས་དགའ་མོས་མཁན60ཞུགས་ནས། རི་འཛེགས་ཀྱི་སྤུས་ལེགས་ཐོན་ཁུངས་ནུས་ལྡན་ངང་སྦྲེལ་སྟེ། གྲོང་ཁུལ་གྱི་མགོ་རྩོམ་མཛད་སྒོ་དང་གངས་རི་སྒར་ས་ཆེན་པོའི་ཉམས་ལེན་གྱི་མཉམ་འགུལ་རྣམ་པ་བསྐྲུན་ཡོད། དེ་ནི་མཁར་བྱང་ཁུལ་གྱིས་ཐོན་ལས་གྱི་གནས་བཞིའི་འཛུགས་སྐྲུན་འཐབ་ཇུས་ལག་ལེན་མཐར་ཕྱིན་དང་། “ལྟེ་གནས་གཅིག་གི”སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ལུས་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ། ལུས་རྩལ་དང་ཡུལ་སྐོར། ཚོང་ལས་བཅས་ཀྱི་སྤུས་ཚད་མཐོ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ས་ཁོངས་གསར་གཏོད་ལག་ལེན་ཞིག་རེད། རི་འཛེགས་བྱེད་སྒོ་ནི་ཆེད་ལས་རི་འཛེགས་གནས་ཤན་པས་སྣེ་ཁྲིད་བྱེད་པ་དང་དེའི་ནང་ཞུགས་མཁན་རི་བོ་གངས་དཀར་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ནས་རྐང་ཐང་དུ་མཚོ་ངོས་ནས་མཐོ་ཚད་སྨི4350ཡོད་པའི་ཤིང་ཁང་གི་སྒར་ཆེན་དུ་བསྐྱོད་ནས་མཐོ་སྒང་རྐང་ཐང་གི་འགྲན་རྩོད་དང་སྤྲོ་སྣང་མྱོང་རོལ་བྱས།  བྱེད་སྒོ་སྤེལ་སྐབས་རི་འཛེགས་ཉམས་མྱོང་བརྗེ་རེས་མཉམ་སྤྱོད་ཚོགས་འདུ་དང་། རི་འཛེགས་དཔང་ཡིག་སྤྲོད་པ། པར་ལེན་བྱེད་ས་སོགས་ཀྱི་ལས་རིམ་བཀོད་སྒྲིག་བྱས་ནས་དེའི་ནང་ཞུགས་པའི་ཉམས་ལེན་ཁྱོན་ཡོངས་ནས་མཐོ་རུ་བཏང་།  བྱེད་སྒོ་སྤེལ་ཡུལ་དུ་ཟི་ལིང་གྲོང་ཁྱེར་རི་འཛེགས་མནའ་འབྲེལ་གྱིས་སི་ཁྲོན་དང་། ཧྲའན་ཞི། ཅང་སུའུ་སོགས་ས་ཁུལ་གྱི་ཕྱི་རོལ་ཡུལ་སྐོར་དང་ཞིབ་འཇུག་སློབ་སྦྱོང་ཁྱབ་ཁོངས་ཀྱི་མཚོན་བྱེད་རང་བཞིན་གྱི་ཁེ་ལས་དང་མཐུན་ཚོགས10དང་འཐབ་ཇུས་མཉམ་ལས་བྱས་ཏེ། ཐུན་མོང་ཐོག་ཐོན་ཁུངས་ཕན་ཚུན་གསབ་རེས་དང་། ཡུལ་སྐོར་བ་ཕན་ཚུན་སྐྱེལ་འདྲེན། ཁྲོམ་ར་མཉམ་སྤྱོད་སོགས་ཀྱི་རོགས་ལས་བྱས། གྱི་ཐང་མཁར་རི་འཛེགས་མནའ་འབྲེལ་དེ་བསམ་བཀོད་ནས་དངོས་ཕུང་དུ་གྱུར་བ་མཚོན་ཡོད་ལ། དེ་མཚོ་སྔོན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་རི་འཛེགས་ཕྱི་རོལ་ལུས་རྩལ་གྱི་ཐོན་ཁུངས་ལེགས་སྒྲིག་ལྟེ་གནས་དང་། ཞབས་ཞུའི་འགན་སྲུང་གྱི་མཐོ་ས། རིག་གནས་ཁྱབ་སྤེལ་སྟེགས་བུ་བཅས་སུ་འགྱུར་ངེས་རེད། 

 སྐལ་བཟང་རྣམ་རྒྱལ་དང་ཏིང་འཛིན་མཚོ་མོས་བསྒྱུར།