
ཟླ12པའི་ཚེས8ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར། ཁུལ་ཡོངས་སུ་ཡུལ་སྐོར་གསང་སྤྱོད་ཁང་བརྒྱ་དང་ང་དགུ་བཙུགས་ནས་འགྲུབ་ཡོད་པས། གཞུང་ལམ་འགྲམ་རྒྱུད་དང་ལྗོངས་ཁུལ་གཙོབོ། ཞིང་སྡེའི་ཡུལ་སྐོར་སྣེ་ལེན་ས་ཚིགས་བཅས་ཡོངས་ལ་ནུས་ལྡན་སྒོས་ཁེབས་པ་མངོན་འགྱུར་བྱུང་།
ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་འཛུགས་སྐྲུན་དང་དོ་དམ། བེད་སྤྱོད། བཅོས་སྐྱོང་བཅས་ལ་དམིགས་ནས། གནད་འཁེལ་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ། སྒྲིག་བཀོད་ལུགས་མཐུན་དང་དོ་དམ་ཚད་ལྡན། ཞབས་ཞུ་ལེགས་པོ། འགན་སྲུང་ནུས་ལྡན་བཅས་ཀྱི་ཡུལ་སྐོར་གསང་སྤྱོད་ཁང་གི་ཞབས་ཞུའི་མ་ལག་བསྐྲུན་པ་དང་། ཡུལ་སྐོར་བས་མཐོ་སྒང་ཡུལ་སྐོར་གྱི་བརྩེ་བའི་ཞབས་ཞུ་ཚོར་ཐུབ་པར་བྱས། 2025ལོར། མ་དངུལ་སྒོར་ས་ཡ་བཞི་དང་འབུམ་ལྔ་བཏང་ནས་ཡུལ་སྐོར་གསང་སྤྱོད་ཁང་གི་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞི་རེ་གསུམ་ལག་བསྟར་བྱས་ཤིང་། མིག་སྔར་ལས་གཞི་དྲུག་ཅུ་འགྲུབ་ཡོད། ཚད་ལྡན་ཅན་དང་ཚད་གཞི་ཅན། ཞིབ་ཕྲ་ཅན་བཅས་དམིགས་འབེན་དུ་བྱས་ནས། ཡུལ་སྐོར་གསང་སྤྱོད་ཁང་གི་ཉིན་རྒྱུན་བདག་གཉེར་དོ་དམ་ལ་ཤུགས་བསྣན། དེའི་ཁྲོད། གུང་ཧོ་རྫོང་གིས་དོ་དམ་ལེགས་པོ་དང་བེད་སྤྱོད་ལེགས་པོ། བདག་སྐྱོང་ལེགས་པོ་བཅས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ནས། མཚོ་སྔོན་པོའི་ལྷོ་རྒྱུད་བསྐོར་བའི་ཡུལ་སྐོར་གསང་སྤྱོད་ཁང་གི་དོ་དམ་བྱེད་ཐབས་དང་ཡུལ་སྐོར་གསང་སྤྱོད་ཁང་གི་དོ་དམ་ལམ་ལུགས་གཏན་འབེབས་བཟོས་པ་དང་། དོ་དམ་འཁོར་རྒྱུག་ཚན་རིག་ཅན་དང་ཞིབ་སྲོལ་ཅན་མངོན་འགྱུར་བྱས།
དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་ཡུལ་སྐོར་གསང་སྤྱོད་ཁང་བེད་སྤྱོད་བྱེད་ཚད་མཐོར་འདེགས་བཏང་ཞིང་། དོ་དམ་རྣམ་པ་གསར་གཏོད་བྱས་ཏེ་འཁོར་རྒྱུག་དང་བདག་གཉེར་གྱི་དཀའ་གནད་ཐག་གཅོད་བྱས་ནས། ཡུལ་སྐོར་གསང་སྤྱོད་ཁང་གིས་ཡུལ་སྐོར་བར་ཞབས་འདེགས་ཞུ་བ་དང་དམངས་འཚོ་ལ་ཕན་ཐོགས་པར་བྱས། ཉིན་རྒྱུན་གྱི་འཁོར་རྒྱུག་བདག་གཉེར་འགན་སྲུང་བཅས་ཀྱི་ཐད། ཞིང་སྡེའི་གཙང་སྦྲ་བྱེད་མཁན་དང་ཕྱོགས་གསུམ་པའི་ཉོ་སྒྲུབ་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། བགྲོད་ལམ་འགྲམ་རྒྱུད་ཀྱི་ཡུལ་སྐོར་གསང་སྤྱོད་ཁང་ལ་སེམས་ཞིབ་མོས་དོ་སྲུང་བྱས། ཡུལ་སྐོར་བ་མང་བའི་དུས་ཚིགས་དང་གུང་གསེང་སྐབས་ཡུལ་སྐོར་བ་མང་བའི་གནས་ཚུལ་ལ་དམིགས་ནས། དུས་ལྟར་དོ་དམ་མི་སྣ་མངགས་པ་དང་། གཙང་སྦྲའི་བྱེད་ཐབས་ཇེ་མང་དུ་བཏང་ལ། གཙང་སྦྲ་བྱེད་ཚད་ཇེ་ཆེར་བཏང་སྟེ། ནུས་ཤུགས་ཡོད་རྒུས་མི་ཚོགས་མང་བའི་དུས་སྐབས་ཀྱི་གསང་སྤྱོད་ཁང་གི་ཁོར་ཡུག་གཙང་མ་རིམ་ལྡན་ཡོང་བར་འགན་སྲུང་བྱས། གཅིག་སྡུད་གྲལ་བཤེར་དང་ཆེད་དམིགས་ལེགས་བཅོས། རྒྱུན་ལྡན་ལྟ་བཤེར་བཅས་བརྒྱུད་དེ། ཡུལ་སྐོར་གསང་སྤྱོད་ཁང་གི་བསྒྱུར་བཀོད་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། ཞབས་ཞུའི་སྤུས་ཚད་ཇེ་ཞན་དུ་མི་འགྲོ་བ་དང་དོ་དམ་ཚད་གཞི་མར་མི་ཆག་པར་ཁག་ཐེག་བྱས།
ལྷ་མོ་འཚོས་བསྒྱུར།