
ཟླ12པའི་ཚེས1ཉིན་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོག་བོད་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱིས“གཞི་རིམ་དུ་བསྒྱུར་སྐྲུན་གློག་བརྙན་བསྐྱལ་ནས་རིག་གནས་དམངས་ཕན་དང་མི་སེམས་དྲོ་བའི”བྱེད་སྒོ་སྤེལ་བ་དང་། དུས་ཡུན་གཟའ་འཁོར་གཉིས་རིང་ཁུལ་ཡོངས་ཀྱི་རྫོང་གསུམ་དང་། གྲོང་ཁྱེར་གསུམ། ཚྭ་འདམ་གཞོང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཡུལ་དངོས་དང་པོ་བཅས་སུ་བསྐྱོད་དེ། བསྡོམས་པས་གློག་བརྙན་བསྒྱུར་སྐྲུན་བརྩམས་ཆོས་བརྒྱ་ལྷག་རོང་འབྲོག་པའི་ཁྱིམ་ཚང་ཆིག་སྟོང་ལྷག་ཙམ་གྱི་སྒོ་དྲུང་དུ་བསྐྱལ་ནས་སྤུས་ལེགས་ཀྱི་རིག་གནས་ཞབས་ཞུའི་ཐོག་ནས་མི་རིགས་ཁག་གི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད་རིག་གནས་ཀྱི་སྒུལ་ནུས་བསྩལ་ཡོད།
བྱེད་སྒོ་དེས་གཞི་རིམ་གྱི་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། བརྗོད་བྱ་སྣ་མང་གི་བསྒྱུར་སྐྲུན་བརྩམས་ཆོས་ཁག་ཅིག་བདམས་ཡོད། མཚོ་ནུབ་སེ་འབྲུ་གློག་བརྙན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་གིས་བསྒྱུར་སྐྲུན་བྱས་པའི་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བའི་མི་ཆོས་རིག་གནས་དངོས་བཤུས་གློག་བརྙན་ཆེ་གྲས《ཚྭ་འདམ་གཞོང》ལ་གདེང་འཇོག་བཟང་པོ་ཐོབ་ཡོད། གློག་བརྙན་འདིས་ཕ་སྐད་ཀྱི་ལམ་ནས་ཚྭ་འདམ་གཞོང་གི་མཛེས་སྡུག་ལྡན་པའི་རི་ཆུ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ། མི་རིགས་མཐུན་སྒྲིལ་བཅས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་མངོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་གི་ཁྱིམ་གཞིས་ལ་བཅངས་པའི་བརྩེ་དུང་ངོས་འཛིན་ཇེ་ཟབ་ཏུ་བཏང་། དེ་དང་ཆབས་ཅིག་གསར་བརྗེ་བརྗོད་བྱ་གཙོ་བོའི་གློག་བརྙན་དང་། དངོས་ཡོད་བརྗོད་བྱའི་བརྩམས་ཆོས། ཕ་བུའི་འགུལ་རིས་བསྒྱུར་སྐྲུན་པར་གཞི། ས་དེའི་མི་རིགས་གླུ་གཞས་སོགས་ཀྱི་ནང་དོན་བདམས་ནས་མང་ཚོགས་ལ་ཆ་རྒྱུས་ཡོད་པའི་སྐད་ཆ་དང་བརྙན་རིས་ལ་བརྟེན་ནས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་ཡོད།
བྱེད་སྒོའི་རིང་བསྡོམས་པས་བསྒྱུར་སྐྲུན་གློག་བརྙན་མང་པོ་ཚུད་པའི་སྤྱི་ཕན་མཐེབ་སྡེར1000ལྷག་བྱིན་པ་དེ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། འབྲོག་ཁུལ། སྡེ་ཁུལ་སོགས་གཞི་རིམ་གྱི་གནས་ཡུལ་མང་པོ་ཞིག་ལ་ཁྱབ་ཡོད། གློག་བརྙན་ལྟ་བའི་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་ཁོལ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་གི་རིག་གནས་ཉམས་ལེན་ཁྲོད་ཤེས་རྟོགས་ཇེ་ཟབ་ཏུ་བཏང་བ་དང་། མཛའ་བརྩེ་ཇེ་ཟབ་ཏུ་གྱུར་བས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག”གི་རྣམ་པ་ཟབ་མོ་བསྐྲུན་ཡོད། མང་ཚོགས་མི་ཉུང་བ་ཞིག་གིས་སྒོ་འགྲམ་དུ་མི་རིགས་རང་གི་སྐད་ཡིག་གི་སྤུས་ལེགས་གློག་བརྙན་ལ་བལྟས་ཚེ་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་རྣལ་མ་ཚོར་བྱུང་ཟེར།
མཚོ་མོ་སྐྱིད་ཀྱིས་བསྒྱུར།