ཉེས་གསོག་ལ་རྡུང་རྡེག་ནན་མོ་བཏང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

གསར་འགོད་པས་ཟླ་དང་པོའི་ཚེས6ཉིན་བསྡུས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་མུ་འབྲེལ་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན།   ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ནས་འདྲི་གཅོད་ལྟེ་བར་བྱས་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་།     ཁྲིམས་ལྟར་ཉེས་གསོག་ལ་ཁྲིམས་ཆད་གཅོད་པ་དང་མི་དམངས་ལ་སྲུང་སྐྱོབ་བྱས་ཏེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱི་སྒུལ་ནུས་བསྩལ།

ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཁྲིམས་ར་མ་ཚོགས་གོང་གི་ཚོགས་འདུ་དང་ཁྲིམས་འགལ་དཔང་རྟགས་ལོགས་སུ་ཕུད་པ། ཁྲིམས་རའི་བརྟག་དཔྱད་བཅས་གཏན་འབེབས་བརྒྱུད་རིམ་གསུམ་དོན་འཁྱོལ་ནན་མོ་བྱས་ནས་ཁྲིམས་རའི་འདྲི་ཞིབ་དོན་དངོས་ཅན་གཏིང་ཟབ་ཏུ་འགྱུར་བར་སྐུལ་འདེད་བཏང་བ་དང་།    འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འདྲི་གཅོད་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།     དེ་དང་ཆབས་ཅིག་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གོ་གནས་ཀྱི་ཉེས་གསོག་གྱོད་དོན་ཐག་གཅོད་བྱེད་ཐབས་དང་དཔང་རྟགས་བསྡུ་རུབ་མཛུབ་ཁྲིད་བཏོན་པ་དང་།     ཞིབ་དཔྱོད་ལས་ཁུངས་དང་མཉམ་འབྲེལ་ཐོག་རྒྱུན་མཐོང་གི་ཉེས་གསོག་གི་ཁྲིམས་ཆད་གཅོད་ཚད་མཛུབ་སྟོན་བསམ་འཆར་གྱི་ལག་བསྟར་ཞིབ་སྲོལ་བཟོས་པ་དང་།  ཉེས་མིང་རིགས30ཡི་ཁྲིམས་གཅོད་ཚད་གཞི་ཁ་གསལ་བཟོས་པ་དང་།     ཁྲིམས་ཆད་འཇལ་གཅོད་དབང་ཆ་ཚད་ལྡན་དུ་བཏང་ནས་ཁྲིམས་ཆད་གཅོད་ཚད་དོ་མཉམ་ཡོང་བར་བྱས།

ཉེས་དོན་ཉེས་གསོག་ལ་ཁྲིམས་ཆད་ནན་མོ་གཅོད་པའི་ཁྱབ་ཁོངས་སུ2021ལོ་ནས་བཟུང་དྲག་ཤུགས་ཚབས་ཆེན་གྱི་ཉེས་གསོག་ལ་རྡུང་རྡེག་དྲག་པོ་བཏང་བ་དང་།    གྱོད་དོན་ཆིག་སྟོང་ང་གཉིས་ལ་འདྲི་ཞིབ་མཇུག་སྒྲིལ་བ་དང་ཉེས་ཅན་ཆིག་སྟོང་ལྔ་བརྒྱ་གཅིག་ལ་ཁྲིམས་ཐག་བཅད་ནས་ཁྲིམས་འཛིན་དྲག་པོའི་སྒོ་ནས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱས།     དུག་རྫས་དང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་དམིགས་ནས། གྱོད་དོན་ཆིག་སྟོང་བདུན་ཅུ་ལ་འདྲི་ཞིབ་མཇུག་སྒྲིལ་བ་དང་། དུག་འགོག་དང་བསླུ་འགོག་དྲིལ་སྒྲོག་སློབ་གསོ་དུས་མཉམ་དུ་སྤེལ་བ་དང་།     ཆེད་དོན་བྱ་བའི་ལག་བསྟར་གཙོ་གནད་བཏོན་ནས་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས།

རྒྱུན་ལྡན་ཅན་གྱི་ནག་སེལ་ངན་འཇོམས་འཐབ་རྩོད་ཁྲོད།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་སྐྱོང་གི་ཚད་མཐའ་བརྟན་སྲུང་བྱས་ནས་གྱོད་དོན་གྱི་ངོ་བོ་གཏན་འཁེལ་གྱི་ཚད་གཞི་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ།    ཁྱོན་བསྡོམས་ནག་ཕྱོགས་ལ་འབྲེལ་བ་ཡོད་པའི་གྱོད་དོན17དང་མི179ལ་འདྲི་ཞིབ་མཇུག་སྒྲིལ་བ་དང་།     རྒྱལ་ཡོངས་ཀྱི་ནག་སེལ་གཞུང་སྒྲུབ་ཁང་གིས་ཉེས་གསོག་གཙང་སེལ་སྒོ་བྱང་བཀལ་བ་དང་སྒྲུབ་སྐུལ་གྱི་གྱོད་དོན་མང་པོར་ཁྲིམས་ལྟར་འདྲི་ཞིབ་མཇུག་སྒྲིལ་ནས། ནག་ཕྱོགས་སྟོབས་ཤུགས་ཀྱི་ཉེས་གསོག་ལ་འཇིགས་སྐུལ་ཆེན་པོ་བཟོས།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རང་འགུལ་ངང་ཁྲིམས་འཛིན་གྱི་འགན་ནུས་སྣུར་སྲིང་བྱས་པ་དང་།    སློབ་གསོ་དང་དངུལ་རྩ་དངུལ་བུན་གཏོང་རྒྱུ་སོགས་གཙོ་གནད་ལས་རིགས་ཀྱི་བཅོས་སྐྱོང་ཉམས་ཞན་ལ་དམིགས་ནས། 2021ལོ་ནས་བཟུང་ཁྲིམས་འཛིན་གྲོས་གཞིའི་ཡི་གེ157བཟོས་ནས་བསྒྲགས་ཏེ།  ཁྲིམས་འཛིན་གྲོས་གཞི་ལ་བརྟེན་ནས་འགོ་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད།    

​​མཚོ་མོ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།