
གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི“ཞིང་སའི་ས་ནུས་སྲུང་སྐྱོབ་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཀྱི་ཉོ་སྒྲུབ་ཁ་གསབ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན”བཅས་རྣམ་གྲངས་གསུམ་གྱི་གྲོང་གསེབ་དར་སྤེལ་ཐད་ཀྱི་མ་དངུལ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྐྱོང་གི་གནད་ཆུང་སར་དམིགས་ཏེ་ཁྱོན་ཡོངས་ནས་གནད་དོན་ལེབ་བཤེར་བྱས། མིག་སྔའི་བར་མཚོ་བྱང་ཁུལ་གྱི་རྫོང་བཞི་ཡིས་རིམ་རྩིས་བྱས་ན་གནད་དོན210ལེབ་བཤེར་བྱས་པ་དང་། གོང་འོག་འབྲེལ་མཐུད་བྱས་ནས་བཤེར་བཅོས་སྐྱོང་གསུམ་གཞི་གཅིག་ཏུ་སྐུལ་འདེད་བཏང་བས། གནད་དོན203དག་ཐེར་བྱས་ནས་དག་ཐེར་ལེགས་འགྲུབ་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་དྲུག་བདུན་ལ་སླེབས་ཡོད།
མཚོ་བྱང་ཁུལ་གྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ལེབ་བཤེར་བྱས་ནས་ཤེས་པའི་མ་དངུལ་སྤྱད་པའི་གནད་དོན་སྣ་ཚོགས་ལ་དམིགས་ནས། རྫོང་བཞི་ཡིས་གནད་དོན་ཞིབ་ཐོར་གནད་ལ་འཁེལ་བའི་སྒོ་ནས་ཞིབ་བསྡུར་བྱས་ཏེ་ཆེད་དོན་དག་ཐེར་ཇུས་གཞི་བཟོ་བར་སྐུལ་འདེད་བཏང་། མིག་སྔའི་བར་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གིས་རིམ་རྩིས་བྱས་ན་གནད་དོན77ལེབ་བཤེར་བྱས་པ་དང་གནད་དོན77དག་ཐེར་བྱས། དག་ཐེར་ལེགས་འགྲུབ་ཚད100%ལ་སླེབས། མདོ་ལ་རྫོང་གིས་རིམ་རྩིས་བྱས་ན་གནད་དོན43ལེབ་བཤེར་བྱས་པ་དང་གནད་དོན42དག་ཐེར་བྱས། དག་ཐེར་ལེགས་འགྲུབ་ཚད་བརྒྱ་ཆའི་གོ་བདུན་གྲངས་ཆུང་དྲུག་བདུན་ལ་སླེབས། རྐང་ཚ་རྫོང་གིས་རིམ་རྩིས་བྱས་ན་གནད་དོན48ལེབ་བཤེར་བྱས་པ་དང་གནད་དོན47དག་ཐེར་བྱས། དག་ཐེར་ལེགས་འགྲུབ་ཚད་བརྒྱ་ཆའི་གོ་བདུན་གྲངས་ཆུང་དགུ་གཉིས་ལ་སླེབས། ཧེ་ཡན་རྫོང་གིས་རིམ་རྩིས་བྱས་ན་གནད་དོན42ལེབ་བཤེར་བྱས་པ་དང་གནད་དོན37དག་ཐེར་བྱས། དག་ཐེར་ལེགས་འགྲུབ་ཚད་བརྒྱ་ཆའི་གྱ་བརྒྱད་གྲངས་ཆུང་གཅིག་ལ་སླེབས། རྫོང་བཞི་ཡི་དག་ཐེར་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ས་ཁོངས་ཡོངས་ཀྱི་དག་ཐེར་སྤྱི་ཡོངས་ཀྱི་ནུས་ཆོད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་གྲོང་གསེབ་དར་སྤེལ་ཐད་ཀྱི་མ་དངུལ་སྤྱོད་པའི་ཚད་ལྡན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།