ཐི་ལིང་ཕུའུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་བྲེལ་མྱུར་གྲོས་ཚོགས་ལ་ཞུགས་རྒྱུ་མིན་ཟེར།
ཁུངས། ཀློག་གྲངས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཁོ་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་མི་འགྱངས་པར་ཕ་རི་སི་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་བྲེལ་མྱུར་གྲོས་ཚོགས་ལ་ཞུགས་རྒྱུ་མིན་ཟེར།

ཐི་ལིང་ཕུའུ་ཚེས་ཉི་ཤུའི་ཉིན་སུའུ་ཙེར་གྱི་ཏ་བོ་སི་རུ་སོང་ནས། འཛམ་གླིང་དཔལ་འབྱོར་ལོ་ཚོགས་ཀྱི་གླེང་སྟེགས་སུ་ཞུགས་རྒྱུ་གཏན་འཁེལ་བྱས་འདུག  ཉིན་དེའི་སྔ་དྲོའི་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་སྟེང་ཐི་ལིང་ཕུའུ་ཡིས་གཏམ་བཤད་སྤེལ་ནས། ཏ་བོ་སི་རུ་ཀི་ལིན་ལན་གླིང་ཕྲན་སྐོར་གྱི་གྲོས་ཚོགས་འགའ་བཀོད་སྒྲིག་བྱས་ཡོད་ལ། དོན་དག་གི་འཕེལ་རིམ་ཤིན་ཏུ་བདེ་བླག་ཡོང་ངེས། འོན་ཀྱང་དེའི་ཁྲོད་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་བྲེལ་མྱུར་རྩེ་ཚོགས་མི་འདུས་ཟེར།

གསར་འགོད་པ་ཞིག་གིས་གལ་ཏེ་ཨ་མས་རི་ཁས་ཀི་ལིན་ལན་གླིང་ཕྲན་ལ་སེམས་ཐག་ཆོད་པོས་ཚོད་འཛིན་བྱས་ན། བྱང་ཆིངས་རྩ་འཛུགས་ཐོར་ཞིག་ཏུ་འགྲོ་སྲིད་དམ་ཞེས་དྲིས་པ་ན། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་གཉིས་ཀྱིས་ཕྱོགས་གཉིས་ལ་ཕན་པའི་ཐག་གཅོད་ཀྱི་ཇུས་གཞི་ཞིག་རྙེད་སྲིད། སྐབས་ལན་རེར་བྱང་ཆིངས་རྩ་འཛུགས་ཀྱི་ནུས་པ་མཐོ་འཇོག་བྱེད་རྒྱུ་མང་པའི་ཚད་དུ་ཡོད། བྱང་ཆིངས་ཀྱི་ནུས་པ་ནི་ཨ་མེ་རི་ཁ་ལས་བྱུང་པ་རེད། གལ་ཏེ་ཨ་མེ་རི་ཁ་མེད་ཚེ། བྱང་ཆིངས་དེ་འདྲའི་སྟོབས་ལྡན་ཞིག་ཡིན་མི་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་མ་ཁུ་ལུང་གིས་ཁོར་སྤྲིངས་པའི་ཆ་འཕྲིན་བརྒྱུད་སྒྲོག་བྱས། མ་ཁི་ལུང་གིས་ཆ་འཕྲིན་ཁྲོད་བསྟན་དོན། ཁོས་ཐི་ལིང་ཕུའུ་ཡིས་ཀི་ལིན་ལན་གླིང་ཕྲན་སྐོར་གྱི་སྒྲུབ་སྟངས་དེ་རྒྱུས་ལོན་བྱེད་མི་ཐུབ། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ་ཕ་རི་སི་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་གྲོས་ཚོགས་ཤིག་བསྡུས་ནས། ཝུའུ་ཁུ་ལན་དང་ཏེན་མག སི་རི་ཡ། ཨུ་རུ་སི་བཅས་གདན་ཞུ་བྱས་ཆོག་ཟེར།

ཐི་ལིང་ཕུའུ་ཡིས་སྒེར་འཕྲིན་སྤྱི་སྒྲོག་བྱས་རྗེས། མ་ཁུ་ལུང་གིས་ཏ་བོ་སི་གླེང་སྟེགས་སུ་གཏམ་བཤད་སྤེལ་ནས། ཐི་ལིང་ཕུའུ་ཡིས་ཀི་ལི་ལན་གླིང་ཕྲན་ཁྱུར་མིད་བྱེད་འདོད་ཀྱི་རྒྱབ་ལྗོངས་འོག་ན། བྱང་ཆིངས་ནི་ད་ལྟ་ཉམས་ཆུང་བའི་སྒྲིག་གཞི་ཞིག་ཏུ་སྣང་། གཟའ་འཁོར་འདིའི་ནང་ལ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་བཀོད་སྒྲིག་བྱས་མེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཧྥ་རིན་སི་དེ་ལྟ་བུའི་ཚོགས་འདུ་བསྡུ་བར་འཐད་པ་ཡོད་ཟེར།

​སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།