
ཟླ1པའི་ཚེས21ཉིན་བར་དུ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་རུ་གསར་གྲོང་རྡལ་དབྱང་ཕོའི་དངུལ་དང་ཟངས་ཆས་ཐོན་ལས་གླིང་དུ་ལས་སྣོན་བཟོ་ཁང40ལྷག་གཅིག་སྡུད་བྱས་ནས། དངུལ་དང་ཟངས་ཆས་ཀྱི་ཁེར་རྐྱང་ལས་སྣོན་ཁྱིམ་ཚང277ལ་སྐུལ་ཁྲིད་བྱས་པ་དང་འབྲེལ་ཡོད་ཁེ་ལས16འཛུགས་རྒྱུར་སྐུལ་འདེད་བཏང་ཡོད་ལ། འབྲེལ་ཡོད་ལས་ཞུགས་མི་སྣ2000ལྷག་ལ་ཐད་ཀར་འབྲེལ་ཡོད་པར་མ་ཟད། དེའི་ཁྲོད་ཀྱི་དབུལ་ཐར་ཁྱིམ་ཚང100ལྷག་ལས་ཞུགས་བརྟན་པོ་བྱས་ནས། ལས་བཟོ་པའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར5000ལ་སླེབས་ཡོད།
ཤར་ནུབ་རྒྱུད་རོགས་ལས་ཀྱི་གོ་སྐབས་ལ་བརྟེན་ནས། 2021ལོ་ནས་བཟུང་། ཧོང་ཀྲུང་ཆུས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་རུ་གསར་གྲོང་རྡལ་དབྱང་ཕོ་ཡི་དངུལ་དང་ཟངས་ཆས་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། གླིང་ཁུལ་མཉམ་འབྲེལ་གྱི་ཏང་ཀྲི་པུའུ་གསར་འཛུགས་བྱས་པ་དང་འབྲེལ་ཏེ། དངུལ་དང་ཟངས་ཆས་ལག་རྩལ་ཐོན་རྫས་མཐུན་ཚོགས་དུས་མཉམ་དུ་བཙུགས་པ་བརྒྱུད། ཕན་འབྲས་ལྡན་པའི་སྒོ་ནས་ཐོན་ཁུངས་བསྡུ་སྒྲིག་བྱས་པ་དང་དང་ཚད་གཞི་ཚད་ལྡན་ཅན་དུ་བཏང་བ། ཁྲོམ་ར་སྦྲེལ་མཐུད་བཅས་བྱས་ཏེ། སྔོན་མའི་ཐོན་ལས་ཀྱི“ཁ་ཐོར་གྱི་བཟོ་ཁང”ནས་ད་ལྟའི“གཅིག་སྡུད་རྣམ་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། ལག་ཤེས་ཀྱི་ལྟེ་བའི་གོ་གནས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག གླིང་ཁུལ་གྱིས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བཟོ་གྲྭ་དང་དེ་བཞིན་བཟའ་བཏུང་དང་སིལ་ཚོང་སོགས་ཀྱི་མ་ལག་ཚང་བའི་ཞབས་ཞུ་དུས་མཉམ་དུ་ནང་འདྲེན་བྱས་ནས། མ་ལག་ཚང་བའི་ཚོང་ཁང་གིས་ལོ་རེར་ཁེ་ཕོགས་སྒོར་ཁྲི3ལྷག་བཙལ་བཞིན་ཡོད་ཅིང་། ཁྱོན་བསྡོམས་ལས་ཞུགས་མི་ཐེངས4000ལས་བརྒལ་བར་སྐུལ་ཁྲིད་བྱས་ནས། དངུལ་དང་ཟངས་ཆས་ལས་སྣོན་ལྟེ་བར་བྱས་ཏེ། “ཐོན་སྐྱེད་དང་འཚོ་གནས”གཞི་གཅིག་ཅན་གྱི་སྡེ་ཁུལ་གྱི་སྐྱེ་ཁམས་མུ་ཁྱུད་ཐོག་མར་གྲུབ་པར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།